分享按钮

ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ཆེ་བ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་།

ལོ་གཅིག་གི་ཚུན་དུ། རང་གྲོང་གིས་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་སྟོང་གི་འགག་སྒྲོལ་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བྱེད་པ་བཅས་ཀྱི་སྲིད་ཇུས་གསར་པ་10བཟོས་ནས་ནུས་ཤུགས་ཡོད་རྒུས་གྲངས་འབོར་ཆད་གསབ་དང་། འཕར་ཚད་ལ་དམ་འཛིན། སྤུས་ཚད་མཐོར་གཏོང་། གསོག་ཚད་དོན་གཉེར་བཅས་ཀྱི་འབོར་ཚད་བཞིའི་ལས་དོན་ཡག་པོ་བསྒྲུབས་པས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད།

ས་སྲོས་སླེབས་ལ་ཉེ་བའི་སྐབས་སུ། སྐྱིད་ཆུའི་འགྲམ་ངོགས་ནི་དལ་གྱིས་འགུལ་བའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ་བར་འོད་མདངས་བཀྲ་ཞིང་ཐུན་མོང་མ་ཡིན་པ་ཞིག་ཡོད། བརྩེ་བས་ཕྱུག་པའི་ལྷ་སའི་སྐྱིད་ཆུ་ཞེས་པའི་ཆུ་ཐོག་མཚན་མོའི་ཡུལ་སྐོར་ལེགས་གཏོང་རྣམ་གྲངས་ཀྱི་འོད་མདངས་རབ་ཏུ་འཚེར་བ་དང་། རིག་ལྡན་འོད་སྣང་དང་ཚོན་ཁྲ་ཅན་གྱི་ཤོག་སྦག་སོགས་ལས་ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པའི་མཛེས་སྡུག་དང་བདེ་སྐྱིད་མཉམ་དུ་མངོན་པར་བྱས་ཡོད།

གྲོང་མི་སྐུ་ཞབས་ཡོན་ལགས་ཀྱིས་ལྷ་སར་ལོ་གཉིས་ནང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཞིང་། གཙང་འགྲམ་སྤྱི་གླིང་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ཡོད་པ་དང་། འདི་ལོ་ཤར་ཚུན་ལམ་སྒྲོན་སྒྱུར་བཀོད་དང་གཞུང་ལམ་སྔོ་འགྱུར་སོགས་ཀྱི་ལས་གྲྭ་ཚང་མ་ཡག་པོ་བསྐྲུན་ཡོད་པས་ད་ཆ་ལྷ་ས་དེ་བས་མཛེས་སྡུག་ལྡན་པར་གྱུར་པ་དང་བོད་ཀྱི་འཕེལ་རྒྱས་ཀྱང་ཇེ་ཡག་ནས་ཇེ་ཡག་ཏུ་གྱུར་བཞིན་ཡོད་ཅེས་བཤད།

བརྩེ་བས་ཕྱུག་པའི་ལྷ་སའི་སྐྱིད་ཆུ་ཞེས་པའི་མཚན་མོའི་ཡུལ་སྐོར་ལེགས་གཏོང་རྣམ་གྲངས་ནི་རང་གྲོང་གིས་འདི་ལོ་གཙོ་གནད་ཐོག་བཏོད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཤིག་དང་རང་གྲོང་གིས་ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་རེད། ད་ལོ། རང་གྲོང་གིས་ཡུལ་སྐོར་གྱི་གཙོ་ཁྲིད་ཐོན་ལས་མུ་མཐུད་དེ་རྒྱ་སྟོབས་ཆེ་རུ་བཏང་བ་དང་།《ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ། གངས་ལྗོངས་ཀྱི་གནའ་གྲོང་།གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་བདེ་བླག་ངང་གཉེར་བ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མོ་རུའེ་དབྱིང་། 6 6 拉萨日报藏文 c212931.html 1 ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་ཕན་འབྲས་དེ་བས་ཆེ་བ་བྱུང་བ། /enpproperty-->