分享按钮

ནང་སྦྱོང་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རཊ་བརྟན་དུ་བཏང་བ།

ཉེ་ཆར། 2025ལོའི་ལས་སྒྲུབ་གདོང་ལེན་ཞེས་པའི་རོལ་རྩེད་སྒྲིག་བཀོད་ཆེ་གྲས(གནམ་འཁོར)ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔེ་སྟོན་རང་བཞིན་གྱི་ནང་སྦྱོང་དེ་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དུ་བྱས་ཤིང་། དངོས་འཐབ་ཅན་གྱི་ལད་ཟློས་བརྒྱུད་ནས་དམིགས་བསལ་སྒྲིག་ཆས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་མཐུན་སྦྱོར་རོགས་སྐྱོབ་ཀྱི་ནུས་པར་ཞིབ་བཤེར་བྱས་ཏེ་རིག་གནས་ཡུལ་སྐོར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད། ཐེངས་འདིའི་ནང་སྦྱོང་ཁྲོད་རང་ལྗོངས་ཀྱིས་རོལ་རྩེད་སྒྲིག་ཆས་ཆེ་གྲས་ལ་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐད་ཁ་གཏད་གཅོག་སྐབས་མགྱོགས་མྱུར་དང་ལེན་དང་། བྱ་ཐབས་མཐུན་སྦྱོར། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ནས་དངོས་སུ་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད། པར་འདི་ནི་ནང་སྦྱོང་བྱ་ཡུལ་གྱི་ཡུལ་དངོས་ཡིན། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 6 6 拉萨日报藏文 c212933.html 1 ནང་སྦྱོང་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རཊ་བརྟན་དུ་བཏང་བ། /enpproperty-->