ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོཊ་བྱུང་དོན། རྒྱ་ཆེའི་དགེ་སློབ་ཚོས་བདེ་འཇཊ་དང་ཕུན་སུམ་ཚོཊ་པའི་གུང་གསེང་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་པ་དང་འབྲེལ་དཔྱིད་དུས་ཀྱི་སློབ་དུས་བརྟན་པོའི་ངང་འགོ་འཛུཊ་ཐུབ་པའི་འགན་ལེན་བྱ་ཆེད། ཅུས་དེས་ཉེ་ཆར་2025ལོའི་དགུན་ཁའི་གུང་གསེང་དང་2026ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུཊ་པའི་ལས་དོན་སྐོར་གྱི་བརྡ་ཐོ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་བཅས་2025ལོའི་ཟླ་12ཚེས་31ཉིན་དངོས་སུ་དགུན་ཁའི་གུང་གསེང་འཇོག་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་གཏན་འབེབས་བྱས་དོན། རང་གྲོང་གི་སློབ་གྲྭ་ཁག་གི་སློབ་མཇུག་ཡིག་ཚད་ཀྱི་དུས་ཚོད་ཟླ་12ཚེས་23ཉིན་གྱི་གོང་དུ་གཏོང་མི་རུང་བ་དང་། འོན་ཀྱང་དམིགས་བསལ་གྱི་རྒྱུ་རྐྱེན་ལ་གཞིགས་ནས་སློབ་ཞུགས་གོང་གི་དུས་མཚམས་ཀྱི་བུ་བཅོལ་ཁང་དང་དེ་བཞིན་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས་གནས་ཚུལ་ལ་གཞིགས་ནས་སྔ་སྣུར་བྱེད་ཆོག 2026ལོའི་དཔྱིད་དུས་ཀྱི་སློབ་དུས་སུ་སློབ་གྲྭ་ཚང་མས་ཟླ་3ཚེས་1ཉིན་གཅིག་གྱུར་ཐོག་སློབ་མ་སློབ་གྲྭར་འབྱོར་ཐོ་འགོད་དགོས་པ་དང་། ཟླ་3ཚེས་2ཉིན་དངོས་སུ་སློབ་འགོ་ཚུགས་དགོས་པ་ལས། སློབ་གྲྭ་གང་རུང་ཞིག་གིས་སློབ་འགོ་ཚུགས་པའི་དུས་ཚོད་སྔ་སྣུར་རམ་ཡང་ན་ནར་འགྱངས་བྱ་རྒྱུར་གཏན་འགོག་བྱས་ནས་སློབ་ཁྲིད་ཀྱི་མྱུར་ཚད་གཅིག་མཚུངས་ཡོང་བའི་འགན་ལེན་བྱེད་དགོས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社