分享按钮

བོད་ཀྱི་རིག་གནས་ཡུལ་སྐོར་དང་དུས་གཏན་གནམ་གྲུའི་དྲིལ་བསྒྲགས་འོས་སྦྱོར་གྱི་ བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་དང་ཀོང་ཏུང་དབར་མཁའ་ལམ་གཏོད་པ་ཞེས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་དང་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ་རེད། སྤྱི་ལེ་3000ལས་བརྒལ་བའི་རི་ཀླུང་གི་བྱ་འགུལ་དེས་མཁའ་འགྲུལ་འབྲེལ་ཐག་ཏུ་བྱས་པ་དང་རིག་གནས་ནང་སྙིང་དུ་བྱས་ཏེ་ཀོང་ཏུང་དང་བོད་ལྗོངས་ས་གནས་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་མཁའ་འགྲུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ས་གནས་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཁྲོམ་ར་རྒྱ་ཆེར་གཏོང་ཆེད་ནུས་པ་ཆེན་པོ་ཐོན་ཡོད།

ད་ཐེངས་ཀྱི་འོས་སྦྱོར་འདུ་ཚོགས་དེ་བོད་ལྗོངས་གནམ་ཐང་ཚོགས་པས་སྣེ་ཁྲིད་པ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་དང་། ཧྲེན་ཀྲེན་གྲོང་ཁྱེར་གནམ་ཐང(ཚོགས་པ)ཚད་ཡོད་ཀུང་སི། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་མཉམ་འཛོམས་བྱས་པ་ཞིག་རེད། བྱེད་སྒོ་སྤེལ་ཡུལ་དུ་སྲིད་ཇུས་གསལ་འགྲེལ་དང་ཐོན་ཁུངས་འོས་སྦྱོར་སོགས་རྣམ་པ་སྣ་ཚོགས་བརྒྱུད་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-02 6 6 拉萨日报藏文 c212929.html 1 བོད་ཀྱི་རིག་གནས་ཡུལ་སྐོར་དང་དུས་གཏན་གནམ་གྲུའི་དྲིལ་བསྒྲགས་འོས་སྦྱོར་གྱི་ བྱེད་སྒོ་སྤེལ་བ། /enpproperty-->