分享按钮

ད་ལོར་རང་ལྗོངས་ཀྱི་སྨན་རྫས་བདེ་འཇཊ་དང་སྨན་རྫས་ཐོན་ལས་ཐད་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོ་བྱུང་བ།

(པར་ངོས་དང་པོར་མཐུད)ངོ་སྤྲོད་བྱས་པར་གཞིཊ་ན། ད་ལོ་ཚུན་དུ། རང་ལྗོངས་ཀྱིས་སྨན་རྫས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་དང་། ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱས་པས། སྨན་རྫས་བདེ་འཇགས་དང་སྨན་རྫས་ཐོན་ལས་ཐད་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོ་བྱུང་ཡོད།

མིག་སྔའི་བར།ལྗོངས་ཡོངས་སུ་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཐོན་སྐྱེད་གཉེར་སྐྱོང་བེད་སྤྱོད་ཚན་པ་ཁྱོན་ཁྲི་1.3ལ་ཞིབ་བཤེར་བྱས་པ་དང་། ཚན་པ་382ལ་བཅོས་སྒྲིག་བྱ་རྒྱུའི་བཀའ་བཏང་བ། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཁྲིམས་འགལ་གྱོད་གཞི་98ཞིབ་བཤེར་ཐག་གཅོད་བྱས་པ། བར་ཚོང་སྦྲེལ་མཐུད་བྱས་པའི་གྱོད་དོན་4ལ་དངུལ་ཆད་སྒོར་ཁྲི་285.7བཏང་བ་བཅས་བྱས་ནས་སྨན་རྫས་ཁྲོམ་རའི་སྒྲིག་ལམ་ཡག་པོ་ཡོང་བར་འགན་ལེན་བྱས་པ་དང་། 《བོད་སྨན་ཁག་95ཡི་ཚད་གཞིའི》བཟོ་བཅོས་ལས་དོན་ལ་མུ་མཐུད་ནས་སྐུལ་འདེད་བཏང་བ། བོད་སྨན་གྱི་ཚད་གཞི་ཁག་གཉིས་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་ཁྲོད་ཀྱི་བོད་སྨན་རིགས་44ཡི་ཚད་གཞིའི་ཞིབ་འཇུག་བདེ་བླག་ངང་ལེགས་གྲུབ་བྱུང་བ། བོད་སྨན་གྱི་ཟུང་འབྲེལ་གསུམ་གྱི་དཔང་རྟགས་མ་ལག་འོག་གི་བོད་སྨན་གསར་པའི་ཞིབ་འཇུག་ལ་སྐུལ་འདེད་བཏང་ནས་བོད་སྨན་གྱི་སྨན་རྫས་གསར་པའི་རིགས་13ལ་ཞིབ་འཇུག་བྱས་པ། བོད་ལུགས་གསོ་རིག་གི་འཕྲུལ་ཆས་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་བརྟན་པོ་བཏང་ནས་འཕྲུལ་ཆས་རིགས་5ཁྲོམ་རར་བཏོན་པ། 2025ལོར་བོད་སྨན་ལས་གཉེར་སྨན་པའི་ཐོབ་ཐང་གཏན་འཁེལ་གྱི་རྒྱུགས་སྤྲོད་ལས་དོན་བདེ་བླག་ངང་སྤེལ་ནས་ལས་གཉེར་པ་1331གི་མིང་ཐོ་འགོད་པ་དང་འབྲེལ་གདེང་འཇོག་རྒྱ་ཁྱབ་ངང་ཐོབ་པ། ཁེ་ལས་དང་དེ་བཞིན་རྒྱལ་ཁབ་སྨན་རྫས་ཀྱི་ཆོག་འཐུས་ཡིག་ཨང་རིགས་ཀྱི་གྲངས་འབོར་2020ལོ་དང་བསྡུར་ན་ལྗོངས་ཡོངས་སུ་སྨན་རྫས་ཐོན་སྐྱེད་ཁེ་ལས་35དང་། སྨན་རྫས་སྡེབ་ཚོང་ཁེ་ལས་18 སྨན་རྫས་སྣ་ཁ་44 ཆོག་མཆན་ཡིག་ཨང་50བཅས་མང་དུ་ཕྱིན་པ། ཞིབ་བཤེར་ཐོབ་ཐང་རྣམ་གྲངས་245བདེ་བླག་ངང་ལེགས་གྲུབ་ཟིན་ནས་བོད་ཀྱི་དབྱར་རྩྭ་དགུན་འབུ་དང་བོད་ཀྱི་ཚགས་ཤའི་གསལ་འབྱེད་ལག་རྩལ་སོགས་ཚན་ཞིབ་རྣམ་གྲངས་19ལ་སྐུལ་འདེད་བཏང་བ། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་ཀྱིས་སྨན་སྦྱོར་ཆ་འཕྲིན་ཁག་1613ཕབ་འཇུག་བྱས་ནས་བོད་སྨན་ཐོན་ཁུངས་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་བཏིང་བ། བོད་ལྗོངས་ཀྱི་སྨན་རྫས་གྲངས་རིག་ལྟ་སྐུལ་དོ་དམ་ལས་སྟེགས(དུས་ཐེངས་གཉིས་པ)གསར་སྤེལ་ལེགས་སྒྲུབ་བྱས་ནས་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཁོངས་གཏོགས་དང་རང་སྐྱོང་ལྗོངས་སྤྱི་པའི་ཞབས་ཞུའི་ཁོངས་གཏོགས་དབར་འབྲེལ་མཐུད་གང་ལེགས་ཐུབ་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་སྨན་རྫས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དང་། ལྟ་སྐུལ་དོ་དམ་གྱི་ཁྲིམས་སྲོལ་ཤེས་བྱའི་འགྲན་བསྡུར། ཚོད་ལྟ་ཁང་སྒོ་དབྱེའི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྤྱི་དམངས་ཀྱིས་སྨན་རྫས་བདེ་འཇགས་ཤེས་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་ནུས་ལྡན་བཅས་ཕྱིན་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 6 6 拉萨日报藏文 c212819.html 1 ད་ལོར་རང་ལྗོངས་ཀྱི་སྨན་རྫས་བདེ་འཇཊ་དང་སྨན་རྫས་ཐོན་ལས་ཐད་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོ་བྱུང་བ། /enpproperty-->