(པར་ངོས་དང་པོར་མཐུད)ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་མང་ཚོཊ་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེཊ་སུ་གཏོང་ཆེད། མལ་གྲོ་གུང་དཀར་རྫོང་གིས་2025ལོ་ནས་2027ལོ་བར་གྱི་གྲོང་གསེབ་ཀྱི་སྡོད་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི་དཔྱིད་རླུང་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
བྱ་སྤྱོད་འཆར་གཞི་དེ་ལོ་གསུམ་ལ་དབྱེ་ནས་ལག་བསྟར་བྱ་རྒྱུ་དང་། སྔོན་དཔག་བྱས་ན་ཞིང་འབྲོག་པའི་ཁྱིམ་ཚང་6000ཙམ་ལ་ཕན་པ་ཐོབ་རྒྱུ་རེད། གཏེར་སྒྲོམ་གྲོང་ཚོས་སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་འབྲེལ་ཡོད་ལས་དོན་ལ་ནུས་ཤུཊ་ཡོད་རྒུས་སྐུལ་འདེད་བཏང་བས། ད་ཐེངས་དུད་ཚང་གཉིས་ཀྱི་གྲོང་མི་བདེ་བླག་ངང་སྡོད་ཁང་གསར་པར་སྤོས་པ་དེ་ནི་དཔྱིད་རླུང་བྱ་སྤྱོད་ལ་གྲུབ་འབྲས་ཐོབ་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
སྡོད་ཁང་གསར་པར་སྤོས་པའི་ཉིན་དེར་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ལག་ཏུ་དཀར་གཙང་གི་མཇལ་དར་དང་འཚམས་འདྲིའི་དངུལ་ཁྱེར་ནས་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོར་སྨོན་འདུན་བཟང་པོ་ཞུས་པར་མ་ཟད། ཁོང་ཚོ་ཁོར་ཡུག་གསར་པའི་ནང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་སྨོན་འདུན་ཡང་ཞུས་པ་རེད། གསར་དུ་སྤོས་པའི་བོད་བཟོའི་བདེ་སྡོད་ཁང་པའི་ཕྱི་ངོས་མཛེས་ལ་ནང་ངོས་ཀྱི་སྒྲིག་བཀོད་ཀྱང་ཧ་ཅང་འཐུས་སྒོ་ཚང་བས། གྲོང་མི་ཚོར་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
དེ་དང་ཆབས་ཅིག་ཏུ་གྲོང་མི་ཚོས་སེམས་འགུལ་དང་དྲིན་ཚོར་གྱི་བསམ་པ་བཅངས་ནས་ཁང་པ་གསར་པར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བཙུགས་ཡོད།སྡོད་ཁང་གསར་པའི་བཀྲག་མདངས་འོག་སྐར་ལྔའི་དར་དམར་དེ་བས་མངོན་གསལ་རབ་ཏུ་དོད་ཅིང་།དེ་ལས་གྲོང་མི་ཚོས་མེས་རྒྱལ་ལ་དགའ་ཞེན་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་མ་ཟད།དེ་བས་ཏང་གི་ཐུགས་ཁུར་འོག་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་པ་མཚོན་ཡོད།
གྲོང་མི་དཀོན་མཆོག་སྒྲོལ་མས་དེ་སྔོན་ཁང་པའི་ཆ་རྐྱེན་ཡག་པོ་མེད་པས།ས་ཡོམ་སོགས་ཀྱི་གནོད་འཚེ་འཕྲད་སྐབས་བདེ་འཇགས་ཀྱི་གནད་དོན་ལ་སེམས་ཁྲལ་བྱེད་དགོས་ཀྱི་ཡོད།ད་ཐེངས་མལ་གྲོ་གུང་དཀར་རྫོང་གིས་སྡོད་ཁང་གི་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ལས་གྲྭ་སྤེལ་བ་དེ་ནི་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་ལས་གྲྭ་ཞིག་རེད།ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དུས་དང་རྣམ་པ་ཀུན་ཏུ་ང་ཚོ་མང་ཚོཊ་ཀྱི་འཚོ་བར་སེམས་ཁྲལ་གནང་གི་ཡོད་ལ།ང་རང་འདི་འདྲའི་སྐྱིད་སྣང་ལྡན་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བས།ད་ཆ་བློ་བདེ་ལ་དྲོ་སྐྱིད་ལྡན་པ་ཞིག་འདུག་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་རླུང་བྱ་སྤྱོད་ཀྱིས་གཙོ་གནད་ཁ་གཏད་རིགས་དྲུག་ལ་ཁ་གསབ་བརྒྱ་ཆ་100སྤྲད་པ་དང་། དུད་ཚང་དཀྱུས་མར་ཁ་གསབ་བརྒྱ་ཆ་50སྤྲད་པའི་དམིགས་ཡུལ་ནི་བདེ་འཇགས་དང་། བརྟན་པོ། འཚོ་སྡོད་ལ་འཚམ་པ། སྐྱིད་སྣང་དོད་པ་བཅས་ཀྱི་དུས་རབས་གསར་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་བསྐྲུན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་གཏོང་ཆེད་རེད། གཏེར་སྒྲོམ་གྲོང་ཚོ་ས་བབ་མཐོ་བའི་གཙོ་གནད་ལག་བསྟར་ས་ཁོངས་ཤིག་ཡིན་པའི་ངོས་ནས་2025ལོར་གྲོང་མི་དུད་ཚང་23ལ་ཕན་པ་ཐོབ་ཡོད། དེའི་ནང་གཙོ་གནད་ཁ་གཏད་རིགས་དྲུག་7དང་ཞིང་དུད་དཀྱུས་མ་16ཚུད་ཡོད། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་540.6བཏང་བའི་ནང་སྲིད་གཞུང་གི་ཁ་གསབ་སྒོར་ཁྲི་354.45ཟིན་ཡོད། མིག་སྔར། ལས་གྲྭ་ཧྲིལ་པོའི་བརྒྱ་ཆ་95ལེགས་གྲུབ་བྱུང་བ་དང་། གཙོ་གནད་ཁ་གཏད་རིགས་དྲུག་གི་མ་དངུལ་གྱི་བརྒྱ་ཆ་70སྤྲད་པ།ཞིབ་བཤེར་རྩིས་ལེན་བྱས་རྗེས་ལྷག་མ་བརྒྱ་ཆ་30སྤྲོད་རྒྱུ་རེད།ཞིང་དུད་གཞན་དག་གི་མ་དངུལ་བརྒྱ་ཆ་100དམིགས་སར་འབྱོར་ཞིང་།རིམ་རྩིས་བྱས་ན་མང་ཚོགས་ལ་སྣེ་ཁྲིད་དེ་འབབ་འཕར་སྒོར་ཁྲི་196.86བྱུང་ཡོད།
ཐེངས་འདིའི་གཏེར་སྒྲོམ་གྲོང་ཚོའི་དུད་ཚང་གཉིས་ཀྱི་གྲོང་མི་བདེ་བླག་ངང་སྤོས་པ་ནི་མལ་གྲོ་གུང་དཀར་རྫོང་གི་སྡོད་ཁང་གི་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ཀྱི་དཔྱིད་རླུང་བྱ་སྤྱོད་ཀྱི་བསྡུས་རིས་ཤིག་རེད།ལས་གྲྭ་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཉེན་ཡོད་སྡོད་ཁང་རྙིང་པ་ནས་ཁ་བྲལ་ཏེ་བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པ་བསུས་ནས་བདེ་སྐྱིད་དང་འཚོ་སྡོད་དང་འཚམ་པའི་མདུན་ལམ་བཟང་པོའི་ཕྱོགས་སུ་བསྐྱོད་རྒྱུ་རེད།
ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་བྱས་པའི་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གཏེར་སྒྲོམ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་ཝུའུ་ཅིན་དབྱང་གིས།ཕྱིས་འབྱུང་། སྲིད་ཇུས་སྒྲོག་འགྲེལ་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས་མང་ཚོགས་ཚོས་ཏང་གི་དམངས་ཕན་སྲིད་ཇུས་དངོས་འབྲེལ་ཚོར་ཐུབ་པར་བྱ་རྒྱུ་ཡིན།དེ་དང་ཆབས་ཅིག་ཏུ་ལྷག་འཕྲོའི་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཕན་པ་ཐོབ་མཁན་དུད་ཚང་ཚང་མ་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社