ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་ངོ་སྟོང་གི་རྩོམ་སྲོལ་རྒྱུན་འཛིན་ཐུབ་ནས་འོད་སྟོང་འཕྲོ་བའི་ཤེས་དཔལ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། རང་སྐྱོང་ལྗོངས་ཡིག་གཟུཊ་མཁས་ཅན་མཐུན་ཚོཊ་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རྩོམ་སྒྲིག་པུའི་ཀྲུའུ་རེན་རྣམ་རྒྱལ་དབང་གྲཊ་ནི་ཡུན་རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་མཁན་གྱི་རིག་གནས་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ལམ་འདི་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་ལ་དཔང་པོ་བྱེད་མཁན་ཞིག་ཀྱང་ཡིན། ཏང་གི་མི་རིགས་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་ཕྱིན་པ་དང་། ལྷག་པར་དུ་རིག་གནས་བྱ་གཞག་ལ་དུས་རབས་གསར་པར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་དགའ་འོས་པའི་རྣམ་པ་ཐོན་པ་དེ་དག་ལས་ཁོང་གི་ངར་ཤུཊ་ཆེན་པོ་འཕེལ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
རྣམ་རྒྱལ་དབང་གྲགས་ཀྱིས། ལོ་ལྟར་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མི་རིགས་རིག་གནས། དཔལ་འབྱོར་འཕེལ་རྒྱས། སློབ་གསོའི་བྱ་གཞག་སོགས་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཕེབས་པ་དེའི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སོགས་བྱ་གཞག་ཁག་ལ་སྔར་རྒྱུན་བཞིན་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། བོད་ཀྱི་རིག་གནས་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ངས་བོད་ཀྱི་ལོ་ངོ་60རིང་གི་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་པར་དཔང་པོ་བྱས་ཡོད་ལ། ལྷག་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ། དམངས་སྲོལ་རིག་གནས་སོགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐད་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།
རྣམ་རྒྱལ་དབང་གྲགས་ཀྱིས་གསར་འགོད་པར། ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་ཁེ་དབང་དང་། དཔལ་འབྱོར་ཁེ་དབང་། རིག་གནས་ཁེ་དབང་། སྤྱི་ཚོགས་ཁེ་དབང་བཅས་ཁྲིམས་ལྟར་འགན་ལེན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལོ་རྒྱུས་རང་བཞིན་གྱི་མཐོ་རུ་ཕྱིན་ནས་དུས་ཐུང་ལོ་བཅུ་གྲངས་དང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པ་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཚེ། ང་ཚོས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་རེད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社