分享按钮

མཚོ་བོད་ས་མཐོ་རིག་ལྡན་སྲུང་སྐྱོང་གི་དུས་རབས་སུ་སྐྱོད་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)དེའི་རྨང་གཞིའི་ཐོག་དྲ་མིག་ཅན་གྱི་བརྟག་དཔྱད་ཀྱིས་དེ་སྔའི་གང་དུ་སྟབས་བདེ་ན་དེ་གར་འགྲོ་བའི་སྐབས་བསྟུན་དཔེ་ལེན་གྱི་ཚབ་བྱས་པ་དང་། ཚན་རིག་རྟོག་ཞིབ་རུ་མིས་དྲ་མིག་མ་ལག་སྔོན་ཇུས་གཞིར་བཟུང་སྐུལ་འདེད་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་མ་ལག་གྲལ་བཤེར་དང་མཐིལ་རྟོཊ་ཞིབ་ཚཊ་ཐུབ་ཡོད།

རིག་ནུས་ཅན་གཏིང་ཟབ་སྤྱད་པའི་AIདེ་ཉིད་ཚན་རིག་རྟོག་ཞིབ་ཀྱི་དོ་མེད་ལས་རོགས་པར་གྱུར་ཞིང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་སུན་ཧང་གིས། སླད་ཕྱིན་པར་རིས་དབྱེ་འབྱེད་དང་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད། སྐྱེ་དངོས་དབྱེ་འབྱེད་དེ་སྔོན་ཆད་ཀྱི་ཆུ་ཚོད་རིམ་པ་ནས་སྐར་ཆ་རིམ་པར་ཐུང་དུ་འགྲོ་རྒྱུ་དང་ཐ་ན་སྐྱེ་དངོས་ཁྱབ་ཚུལ་གྱི་ཆོས་ཉིད་དང་ཐོན་ཁུངས་རིན་ཐང་སྔོན་དཔག་ཀྱང་བྱེད་ཐུབ་པས། འབྱུང་ཁམས་སྲུང་སྐྱོང་ལ་གནད་ལ་འཁེལ་བའི་ཕྱོཌ་སྟོན་མ་ལག་སྒྲིག་སྦྱོར་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

སུན་ཧང་གིས་མྱོང་ཚོར་ཟབ་མོས། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ང་ཚོར་ད་ཆ་ལྟ་བུའི་གསར་ལ་བརྒྱུད་རིམ་ལྡན་པའི་ངོས་འཛིན་ཞིག་བྱུང་མ་མྱོང་ཞེས་བཤད། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སྤེལ་བ་ནས་བཟུང་། སྐྱེ་དངོས་རིཊ་གསར་པ་3000ལྷག་ཙམ་ཁྱབ་བསྒྲཊ་བྱས་ཤིང་། དེའི་ནང་སྲོག་ཆགས་རིགས་205དང་རྩི་ཤིང་རིགས་388ཡོད། དེ་དག་ལས་མིའི་རིཊ་ཀྱིས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ངོས་འཛིན་གསར་པ་ཞིག་བྱུང་བར་མ་ཟད། ཐུན་མིན་གྱི་གཞི་རྒྱུ་འདུས་པའི་ནོར་མཛོད་ཅིག་དེ་བས་བསྐྲུན་ནས་སླད་ཕྱིན་ལོ་ཏོག་ལེཊ་འགྱུར་དང་སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ལ་འགག་རྩའི་རྒྱུ་ཆ་མཁོ་འདོན་བྱས་ཡོད།

སུན་ཧང་གིས། མཚོ་བོད་ས་མཐོའི་སྐྱེ་དངོས་རིགས་ལ་དམིགས་བསལ་ཁོར་ཡུག་ལ་འགོག་རྒོལ་བྱེད་པའི་རྒྱུད་འཛིན་གསང་ཨང་སྟེ། གྲང་འགོག་དང་། ཐན་འགོག ནད་འགོག་བཅས་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་རྒྱུད་གྲུབ་རིག་པའི་ལག་རྩལ་དང་རིག་ནུས་ལ་བརྟེན་ནས་གསོ་སྐྱོང་བྱས་ཚེ། འདས་ཟིན་པའི་ལོ་བཅུ་གྲངས་ནང་གཞི་ནས་འདེབས་གསོ་ཐུབ་པའི་སོན་གསར་ད་ཆ་དུས་ཐུང་ནང་གསོ་སྐྱོང་ཐུབ་ངེས་རེད་ཅེས་བཤད།

ད་ལྟ་སྤེལ་བཞིན་པའི་ཚན་རིག་རྟོག་ཞིབ་ཀྱི་དཔེ་རྣམ་གསར་བརྗེ་ལས་སྐྱེ་དངོས་འདི་དག་བསྐྱར་དུ་ཤེས་རྟོགས་ཐུབ་པ་ཞིག་རེད་ལ། ལག་རྩལ་གྱིས་སྐུལ་འདེད་གཏོང་བའི་འཕོ་འགྱུར་འདིས་ཆེད་ལས་ཀྱི་བཀག་རྒྱ་རིམ་བཞིན་གཏོར་ནས་སྒོ་དབྱེ་དང་མཉམ་སྤྱོད་ཕྱོགས་སུ་སྐྱོད་བཞིན་ཡོད། མི་དཀྱུས་མ་ཚན་ཞིབ་ལ་ཞུགས་ཐུབ་མིན་འདྲི་སྐབས། སུན་ཧང་གིས་ཚོགས་པས་སྤྱི་དམངས་པར་མའི་eཚན་རིག་རྟོག་ཞིབ་ཀྱི་APPགསར་སྤེལ་བྱེད་བཞིན་ཡོད། སླད་ཕྱིན་ས་མཐོའི་ཡུལ་སྐོར་བ་ཚང་མས་བརྒྱབ་པའི་པར་རིས་སྐྱེ་དངོས་ལྟ་ཞིབ་ཚད་ལེན་ནང་བསྐུར་ན་སྒྲིག་ཁོངས་ཕྱིའི་ཚན་ཞིབ་རུ་མི་ཞིག་ཏུ་འགྱུར་ཐུབ་ཅེས་བཤད། དེ་དང་ཆབས་ཅིག་ཚན་རིག་རྟོག་ཞིབ་ཚོགས་པས་eཚན་རིག་རྟོག་ཞིབ་ཀྱི་རིག་ལྡན་ཚན་རིག་རྟོག་ཞིབ་མ་ལག་གི་ཆེད་ལས་པར་མ་དང་། སྤྱི་དམངས་པར་མ། སློབ་གསོའི་པར་མ་བཅས་པར་མ་ཆེན་པོ་གསུམ་འཛུགས་པར་མུ་མཐུད་ནས་སྐུལ་འདེད་གཏོང་བཞིན་ཡོད། སྔོན་དཔག་བྱས་ན་2035ལོར་སླེབས་སྐབས། སྐྱེ་དངོས་རིཊ་དབྱེ་དང་། ཐོན་ཁུངས་དཔྱད་དཔོག སྲུང་སྐྱོང་ཐབས་ཇུས་སོཊ་ཀྱི་ལྷུ་ཚིཊ་སུ་AIམཉམ་འདྲེས་གཏིང་ཟབ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་ཕྱོཊ་ཡོངས་ནས་རིག་ལྡན་དུས་རབས་སུ་སླེབས་ཐུབ་པ་བྱ་རྒྱུ་རེད།

འོན་ཀྱང་། ལག་རྩལ་ཇི་ལྟར་མགྱོགས་ན། མིས་དེ་བས་དེའི་རྗེས་ཟིན་པར་བྱེད་དགོས། སུན་ཧང་གིས། ཚན་རིག་རྟོག་ཞིབ་ཀྱི་དཔེ་དབྱིབས་སྒྱུར་བཅོས་ཁྲོད་ཀྱི་དཀའ་གནད་ཆེ་ཤོས་ནི་ལག་རྩལ་ཁོ་ནར་ཐུག་མེད་པར་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཐུག་ཡོད། ང་ཚོར་སྐྱེ་དངོས་རིག་པ་ཤེས་ལ་གྲངས་འཛིན་ལག་རྩལ་ཡང་ཁོང་དུ་ཆུད་པའི་སྣ་འདུས་ཤེས་ལྡན་པ་མཁོ་གལ་ཆེ་ཞེས་བཤད། དེར་བརྟེན། ཚོགས་པས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་ལག་ལེན་གྱི་སྦྱོང་བརྡར་བྱས་པ་བརྒྱུད། ཚན་རིག་རྟོག་ཞིབ་པ་སྲོལ་རྒྱུན་གྱི་དངོས་དཔེ་འཚོལ་བསྡུ་བྱེད་མཁན་ནས་གྲངས་གཞི་ལ་ཁ་ལོ་སྒྱུར་ཐུབ་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 6 6 拉萨日报藏文 c212813.html 1 མཚོ་བོད་ས་མཐོ་རིག་ལྡན་སྲུང་སྐྱོང་གི་དུས་རབས་སུ་སྐྱོད་འགོ་ཚུགས་པ། /enpproperty-->