(པར་ངོས་དང་པོར་མཐུད)ཟུང་འབྲེལ་བྱེད་ས། ཤུགས་རྒྱག་ས་བཅས་འཚོལ་ཞིབ་ཡང་དག་བྱེད་དགོས་པ་དང་། སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་བའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྩལ་ནུས་འགྲན་བསྡུར་དང་། བྱང་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། ལས་བཟོ་བའི་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུཊ་འཕེལ་བར་བྱས་ཏེ། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུའི་འཚར་ལོངས་དང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་གཞོན་ནུའི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་དེ་བས་མང་བ་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་པ་དང་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་སྐྲུན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གཞོན་ནུར་ལང་ཚོའི་འགན་འཁྲི་འཁུར་སེམས་མངོན་རྒྱུའི་སྐུལ་ལྕག་བྱེད་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་ཤེས་དཔལ་འཛུཊ་སྐྱོང་གཏིང་ཟབ་ཏུ་བཏང་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། གྲོང་གསེབ་དར་རྒྱས་དང་སྤྱི་ཚོཊ་བཅོས་སྐྱོང་སོཊ་ཁྱབ་ཁོངས་སུ་བུད་མེད་ཀྱི་ནུས་པ་དེ་བས་མང་བ་འདོན་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་ཡོད།
ཚོགས་ཞུགས་མི་སྣས་སྙན་སྒྲོན་གྱི་གཙོ་དོན་ཁ་གསལ་བ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་།ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་དོན་ཁག་དོན་གཉེར་གཏིང་ཟབ་ཐུབ་པར་མཛུབ་ཁྲིད་དང་རོགས་རམ་ཐུབ་ཡོད། ཕྱིས་སུ་ཐེངས་འདིའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་རྒྱུན་མཐུད་ངང་འཕྱུར་བར་བྱས་ཏེ། དངོས་སྒྲུབ་དངོས་ཕན་གྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྷ་སའི་མང་ཚོགས་ཚོགས་པའི་རྩ་འཛུགས་སུ་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社