分享按钮

ཐུགས་ཁུར་དེ་སྒུལ་ཤུགས་སུ་བསྒྱུར་བར་བྱེད་པ་དང་བྱ་སྤྱོད་ལ་བརྟེན་ནས་མངགས་བཅོལ་ལག་བསྟར་བྱེད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་བསྟུད་མར།ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་རེད།ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་བཀའ་མངགས་ཟབ་མོ་གནང་བ་དེ་ལས་བརྩེ་སེམས་ཟབ་མོ་འཆང་བ་དང་མདུན་སྐྱོད་ཀྱི་སྐུལ་ལྕག་གནང་སྟེ་དཔྱིད་རླུང་ལྡང་བ་ལྟར་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་།གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད།ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་རང་འཁྲིའི་ལས་དོན་ལ་གཞི་ཚུགས་པ་དང་།དཀའ་སྤྱད་འབད་འཐབ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད།བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་སྡེ་ཁུལ་གྱི་སྤྱི་ཚོགས་ལས་མི་པད་མ་མཚོ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་ནང་བརྩེ་སེམས་ཟབ་མོ་ལྡན་པ་དང་།ཡི་འབྲུ་རེ་རེ་ནི་མི་སེམས་དྲོ་བ།མདུན་སྐྱོད་ཡར་སྐུལ་བཅས་ཡིན་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ལ་ང་ཚོ་སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཡོངས་ལ་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱིས་ཀ་ལ་གྲོང་ཚོར་རེ་བ་ཟབ་མོ་བཅོལ་བར་མ་ཟད།གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚང་མར་སྐུལ་ལྕག་ཀྱང་གནང་ཡོད།སླད་ཕྱིན་གྱི་ལས་དོན་ཁྲོད།ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་ཆེན་པོ་དང་ཞིབ་ཕྲའི་ལས་ཀའི་ལག་ལེན་ལ་བསྒྱུར་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བཤད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c212810.html 1 ཐུགས་ཁུར་དེ་སྒུལ་ཤུགས་སུ་བསྒྱུར་བར་བྱེད་པ་དང་བྱ་སྤྱོད་ལ་བརྟེན་ནས་མངགས་བཅོལ་ལག་བསྟར་བྱེད་པ། /enpproperty-->