分享按钮

མལ་གྲོ་གུང་དཀར་རྫོང་གིས་བྱིས་པའི་སོ་ཤུར་རྒྱོང་བའི་སྨན་བཅོས་ཞབས་ཞུ་དངོས་སུ་སྤེལ་འགོ་ཚུགས་པ།

པར་འདི་ནི་སྨན་པས་བྱིས་པའི་སོ་ཤུར་རྒྱོང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས་བྱིས་པའི་སོ་ཤུར་རྒྱོང་བའི་སྨན་བཅོས་ཞབས་ཞུ་བསྒྲུབས་ནས་ཁོངས་གཏོཊ་ཁུལ་གྱི་ལོ་8ནས་11བར་གྱི་སློབ་ལོ་ལོན་པའི་བྱིས་པར་ཁ་སྦུག་བདེ་ཐང་གི་ཕན་བདེ་བསྐྲུན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་འཚོར་འགན་ལེན་བྱས་ཡོད།

མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཁ་སྦུག་ཚན་ཁག་ཏུ་སྨན་དོན་པས་དུག་སེལ་དང་། གཙང་སྦྲ། གཏན་འགྱུར་བཅས་ཚད་ལྡན་ཅན་གྱི་བརྒྱུད་རིམ་གཞིར་བཟུང་བཀོལ་སྤྱོད་ནན་པོ་བྱེད་བཞིན་ཡོད། བྱིས་པ་ཁག་གཅིག་སྨན་པ་བསྟེན་སྐབས་སེམས་འཚབ་པའི་གནས་ཚུལ་ཐོན་པར་དམིགས་ནས་སྨན་དོན་པས་ངང་རྒྱུད་རིང་པོས་སེམས་གསོ་བཏང་བས་ཕྲུ་གུ་ཚོའི་སེམས་པ་ཞི་ལྷོད་དུ་གྱུར་ཡོད། སྨན་བཅོས་བྱས་མ་ཐག་པའི་སློབ་མ་བསྟན་འཛིན་ཆོས་འཕེལ་གྱིས། སོ་ཤུར་རྒྱོང་སྐབས་ན་ཟུག་གང་ཡང་གཏོང་གི་མི་འདུག སྨན་པས་ད་དུང་ངར་སོ་འཁྲུད་སྟངས་ཀྱང་བསླབ་བྱུང་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གིས་རྒན་རྒོན་དང་བྱིས་པར་གཅེས་སྐྱོང་བྱེད་པའི་ལས་དོན་དེ་དམངས་འཚོའི་གཙོ་གནད་དུ་བརྩིས་ནས་སྨན་བཅོས་འགན་ལེན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད། ད་ཐེངས་རིན་པ་མི་དགོས་པའི་སོ་ཤུར་རྒྱོང་བའི་ཞབས་ཞུ་ནི་རྫོང་དེས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་ཁ་སྦུག་ཚན་ཁག་གི་འགན་འཁུར་བ་ཆོས་དར་གྱིས། བྱིས་པའི་བདེ་ཐང་ནི་དམངས་ཡོངས་ཀྱི་བདེ་ཐང་གི་རྨང་རྡོ་ལྟ་བུ་ཡིན་ལ་དམངས་འཚོའི་ལས་དོན་གྱི་དོན་ལ་བབས་ས་གལ་ཆེན་ཞིག་ཀྱང་རེད། ཕྱིས་འབྱུང་།སྨན་ཁང་གིས་ད་ཐེངས་ཀྱི་ཞབས་ཞུ་གོ་སྐབས་སུ་བྱས་ཏེ་ཁ་སྦུག་བདེ་ཐང་གི་ལས་དོན་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གྲྭ་དང་གྲོང་ཚོར་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་དུས་བཀག་ལྟར་བསྐྱར་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད། བྱིས་པའི་ཁ་སྦུག་བདེ་ཐང་ལ་སྔ་ཙམ་སྔོན་འགོག་དང་ཐེ་ཇུས་བྱ་རྒྱུར་སྐུལ་འདེད་བཏང་ནས། ཕྲུ་གུ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཏེ་དམངས་འཚོའི་བདེ་རྩར་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 6 6 拉萨日报藏文 c212809.html 1 མལ་གྲོ་གུང་དཀར་རྫོང་གིས་བྱིས་པའི་སོ་ཤུར་རྒྱོང་བའི་སྨན་བཅོས་ཞབས་ཞུ་དངོས་སུ་སྤེལ་འགོ་ཚུགས་པ། /enpproperty-->