分享按钮

སྟོད་ལུང་བདེ་ཆེན་ཆུས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆོས་ལུགས་ལས་རིགས་སུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད།ཟླ་11ཚེས་24ཉིན།སྟོད་ལུང་བདེ་ཆེན་ཆུས་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ཆེད་མངགས་གདན་དྲངས་པའི་སྟོད་ལུང་བདེ་ཆེན་ཆུས་ཨུད་ཏང་གི་སློབ་གྲྭའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚེ་རིང་ཕུན་ཚོགས་གནས་ཆུང་ཁྲོམ་གཞུང་དུ་བསྐྱོད་དེ།ཁོངས་གཏོགས་ཁུལ་གྱི་དགེ་འདུན་པར་ཆེད་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་ཞིག་སྤེལ་བ་རེད།

སྒྲོག་འགྲེལ་བྱ་ཡུལ་དུ་ཚེ་རིང་ཕུན་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་པ་སོགས་ཀྱི་ནང་དོན་གཙོ་བོར་དམིགས་ནས་འགྲེལ་བཤད་བརྒྱབ་པ་རེད།ཁོང་གིས་བོད་ཀྱི་ཆོས་ལུགས་ལས་དོན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་།ལྟེ་བའི་ནང་དོན།ལག་ལེན་གྱི་བླང་བྱ་བཅས་ཕྱོགས་གསུམ་ནས་གསལ་འགྲེལ་གཏིང་ཟབ་གནང་བ་རེད།ཚེ་རིང་ཕུན་ཚོགས་ཀྱིས་གསོན་ཉམས་དོད་པའི་དཔེ་མཚོན་སྤྱད་དེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ནུས་པར་རྒྱས་བཤད་བྱས་པ་དང་།གྲྭ་བཙུན་ཚོས་རང་འགུལ་ངང་ཏང་གི་སྲིད་ཇུས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་གཏན་གྱི་བྱེད་སྒོའི་ཁྲོད་མཉམ་འདྲེས་ཐུབ་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

དགེ་འདུན་པ་སྐལ་བཟང་ཚེ་རིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྒྲོག་འགྲེལ་ལ་ཉན་རྗེས།ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ཞེས་བཤད།ཁོང་གིས་དགེ་འདུན་པ་ཞིག་ཡིན་པའི་ངོས་ནས་ངས་རྒྱལ་གཅེས་ཆོས་གཅེས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ཆོས་གྲོགས་ཚོར་རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཆོས་ལུགས་ལམ་ལྷོངས་དང་།སྤྱི་ཚོགས་ཞི་མཐུན།མི་རིགས་འཆམ་མཐུན་བཅས་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོས་སྲིད་ཇུས་གསལ་འགྲེལ་དང་བསམ་བློ་སྤེལ་རེས་སོགས་རྣམ་པ་སྣ་ཚོགས་བརྒྱུད།ཆོས་ལུགས་ལས་རིགས་མི་སྣའི་བསམ་བློའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྡུས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 6 6 拉萨日报藏文 c212808.html 1 སྟོད་ལུང་བདེ་ཆེན་ཆུས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ། /enpproperty-->