分享按钮

ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བདུན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

ཞི་ཅིན་ཕིང་གིས།ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་ཡོངས་ཀྱི་ནུས་རྒྱུའི་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་དེ་སྲ་བརྟན་དུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་གཏོང་ཐུབ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ།དེ་བས་དྲང་གཞག་གཞུང་དྲང་དང་དོ་སྙོམས་ཀུན་ཕན་གྱི་གོ་ལ་ཧྲིལ་པོའི་ནུས་རྒྱུ་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།འཛམ་གླིང་གི་ནུས་རྒྱུའི་བདེ་འཇཊ་དང་འབྱུང་འཕྲོད་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་བརྟན་པོའི་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

ཉིན་དེར།ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་འཛིན་ཕུའུ་ཅིང་གིས་ཀྱང་ཀྲུང་ཨུའི་ནུས་རྒྱུ་ཚོང་དོན་གླེང་སྟེགས་སྐབས་བདུན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 6 6 拉萨日报藏文 c212807.html 1 ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བདུན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། /enpproperty-->