分享按钮

གནད་སྨིན་བཅོས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་སྤུས་རྟགས་བཏོད་པ།

(པར་ངོས་དང་པོར་མཐུད)བདེ་འཇགས་འགན་ལེན་ཐད།“1+N”ཏང་ཡོན་གྱི་འགན་འཁྲིའི་ལས་གནས་ལམ་ལུགས་ཁྱབ་གདལ་དུ་བཏང་ནས།ཏང་ཡོན་དང་བླངས་པས་བརྒྱུད་རིམ་ཧྲིལ་པོར་ཆ་སྒྲིག་རོགས་སྐྱོར་ཞབས་ཞུ་དང་སྨན་བཅོས་འཕྲལ་སྡོམ་ས་ཚིགས་སུ་དུས་ཐོག་ཏུ་ལས་རེས་བྱས་ཏེ།གནད་དོན་ཆུང་ཙག་མི་ཐོན་པའི་བྱེད་སྒོ་དང་།ཞབས་འདེགས་ཉེ་འགྲམ་ལ་ཞུ་རྒྱུར་འགན་ལེན་བྱས་ཡོད།བཅོས་སྐྱོང་དང་ཕན་འབྲས་ཆེ་རུ་གཏོང་བའི་ལྷུ་ཚིགས་སུ་བཞུགས་མོལ་སྤེལ་རེས་བརྒྱུད་དེ་མང་ཚོགས་ཀྱི་རེ་ཞུ་ཁག་5བསྡུ་རུབ་བྱས་པའི་ནང་ད་ལོའི་དགུན་དུས་སྲིད་ཇུས་སྐྱེལ་བ་དང་ལས་ཞུགས་གསར་པའི་ཚོགས་སྤྱི་ཚབ་གཉེར་སོགས་དམངས་འཚོའི་གྲོས་འགོ་གྲོང་རྡལ་ཏང་ཨུད་ཀྱི་རྣམ་གྲངས་མཛོད་ནང་བཅུག་ནས།དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་བ་རེད།

བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་ལས།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་སྤྱི་ཚོགས་མཐུན་སྦྱོར་ལམ་སྲོལ་གྱི་ཕན་ནུས་ཆེན་པོ་མངོན་ཡོད།དགུང་སྔོན་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་ཡིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ།ལམ་ཐིག་རྩད་ཞིབ་ཐིག་ལེན་དང་བདེ་འཇགས་སྔོན་ཇུས་གཏན་འབེབས་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ།རྫོང་ཨུད་གཞུང་དོན་ཁང་དང་།ཆུ་ཤུར་གྲོང་རྡལ།དགུང་སྔོན་མཐུན་ཚོགས་སོགས་དང་བླངས་པས་རང་འགུལ་ངང་འགྲེལ་བཤད་པ་དང་སྲུང་སྐྱེལ་བ་བྱས་ཏེ།ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དེ་མིག་མཐོང་ལག་ཟིན་གྱི་སྙིང་ཉེ་བའི་ཞབས་ཞུར་འགྱུར་བར་བྱས་ཡོད།ཏང་ཨུད་ཀྱི་སྲོག་ཤིང་དང་།སྤྱི་ཚོགས་རྩ་འཛུགས་ཀྱི་མཐུན་སྦྱོར།ཏང་ཡོན་གྱི་གདོང་མཆོང་བཅས་ཟུང་འབྲེལ་གྱི་མཉམ་འགུལ་བྱེད་སྟངས་དེ་རིགས་ནི་དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་ཆུ་ཤུར་གྱི་ས་གཞིར་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་བ་ཞིག་ཡིན་པས།གཞི་རིམ་གྱི་བཅོས་སྐྱོང་ཐར་ཐོར་ཅན་གྱི་དཀའ་གནད་སེལ་རྒྱུར་ནུས་ལྡན་གྱི་བསམ་ཕྱོགས་མཁོ་འདོན་བྱས་ཡོད།

ཆུ་ཤུར་གྲོང་རྡལ་གྱི་ད་ཐེངས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་བྱེད་སྒོ་ནི་བརྩེ་སེམས་ཀྱིས་ཁེངས་པའི་དམངས་འཚོའི་ཞབས་ཞུའི་ལག་ལེན་ཞིག་ཡིན་ལ།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གསར་གཏོད་འཚོལ་ཞིབ་ཅིག་དེ་བས་ཀྱང་ཡིན་པས།འཇུན་པ་ཉ་པ་གྲོང་ཚོའི་གཙོ་གནད་རྣམ་གྲངས་ཀྱི་དཔེ་སྟོན་རིན་ཐང་གང་ལེགས་མངོན་ཡོད།འབྱུང་འགྱུར།ཆུ་ཤུར་གྲོང་རྡལ་གྱིས་ཆུང་ལ་དོན་དངོས་ཀྱི་བཅོས་སྐྱོང་གསར་བཏོད་དེ་བས་མང་བ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་།གནད་སྨིན་བཅོས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ།གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆེད་ཆུ་ཤུར་གྱི་བློ་གྲོས་དང་ཆུ་ཤུར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212740.html 1 གནད་སྨིན་བཅོས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་སྤུས་རྟགས་བཏོད་པ། /enpproperty-->