分享按钮

2025ལོའི་བཟོ་རིག་བུམ་པའི་བོད་རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་ལས་རིགས་ཀྱི་གཞོན་དར་ལག་ཤེས་པའི་ལག་རྩལ་འགྲན་ བསྡུར་ཆེན་མོ་སྐབས་གཉིས་པ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་གྱི་རིག་གནས་དར་སྤེལ་གཏོང་བ་དང་། རྩལ་ནུས་མཐོ་བའི་དར་མ་དང་གཞོན་ནུའི་དཔུང་ཁག་མགྱོགས་མྱུར་སྐྱེད་སྲིང་བྱེད་པ། ལས་རིགས་ཀྱི་གཞུང་འཁྱོངས་གསར་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཟླ་11ཚེས་22ཉིན། གཅིག་རྒྱུན་གཅིག་འཛིན་དང་གཞུང་འཁྱོངས་གསར་འབྱེད་ཅེས་པ་གཙོ་དོན་དུ་བྱས་པའི་2025ལོའི་བཟོ་རིག་བུམ་པའི་བོད་རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་ལས་རིགས་ཀྱི་གཞོན་དར་ལག་ཤེས་པའི་ལག་རྩལ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་བོད་ལྗོངས་རིག་གནས་བློ་གསར་གླིང་ཐང་གའི་སྒྱུ་རྩལ་རྟེན་མཛོད་ཁང་དུ་འགོ་ཚུགས་ཡོད།

འགོ་ཚུགས་མཛད་སྒོའི་རྣམ་པ་བརྗིད་ཉམས་ལྡན་པ་ཞིག་ཡོད་ཅིང་། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)6དང་རྫོང(ཆུས)42ཀྱི་གཞི་རིམ་གྱི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་གྱི་གཞོན་དར་ལག་ཤེས་པ་284མཉམ་དུ་འཛོམས་ཡོད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི《བཀྲ་ཤིས་ཞོལ་པ》ཞེས་པའི་འགྱུར་ཁུག་དང་བསྟུན་ནས་འགྲན་བསྡུར་ཆེན་མོ་འགོ་ཚུཊ་ཤིང་། འགྲན་ཞུགས་པའི་འཐུས་མི་དང་ཞིབ་དཔྱད་རིགས་གཅིག་མཁས་ཅན་གྱི་འཐུས་མིས་སྔ་རྗེས་སུ་བཟོ་བོའི་བསམ་འདུན་ནན་པོར་སྲུང་བ་དང་གཞུང་དྲང་མཐའ་འཁྱོངས་ཀྱིས་འགྲན་བསྡུར་ཆེན་མོའི་ཆེད་ལས་རང་བཞིན་དང་དབང་གྲགས་རང་བཞིན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་དམ་བཅའ་བཞག་ཡོད། བོད་རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་མཐུན་ཚོཊ་ཀྱི་ཚོཊ་གཙོ་ཉི་མ་ཚེ་རིང་གིས། སྐབས་འདིའི་བཟོ་རིག་བུམ་པའི་བཟོ་རིག་མཛེས་རྩལ་གྱི་རྩལ་ནུས་འགྲན་བསྡུར་ཆེན་མོ་ནི་ཤེས་ལྡན་པའི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་དང་བཀོད་སྒྲིག་བླང་བྱ་གལ་ཆེན་ཕྱོཊ་ཡོངས་ནས་ལག་བསྟར་བྱས་ཏེ། ལས་རིཊ་ཀྱི་ནང་ཤེས་ལྡན་པ་འདེམས་པའི་ཚ་རླབས་ཤིག་འཕྱུར་བའི་བྱ་ཐབས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིཊ་བསལ་གྱི་ཁྱད་ཆོས་ནི་གཞི་རིམ་གྱི་ལག་ཤེས་བཟོ་རྩལ་པར་ཐད་ཀར་ཕྱོཊ་རྒྱུ་དེ་ཡིན་པ་དང་། ང་ཚོས་ཡོངས་བསྒྲཊ་དང་། དྲང་གཞག གཞུང་དྲང་བཅས་ཀྱི་རྩ་དོན་གཞིར་བཟུང་འགྲན་བསྡུར་རབ་དང་རིམ་པ་བྱས་པ་བརྒྱུད་ཕུལ་བྱུང་གི་ཤེས་ལྡན་པ་འདེམས་རྒྱུ་རེད་ཅེས་བཤད།

བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་འགྲན་བསྡུར་ཆེན་མོའི་དཔྱད་ཞིབ་རིགས་གཅིག་མཁས་ཅན་ངག་དབང་འཇིགས་མེད་ཀྱིས། ད་ཐེངས་ཀྱི་བཟོ་རིག་བུམ་པའི་ལག་རྩལ་འགྲན་བསྡུར་ཆེན་མོ་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཡོད། མི་རིགས་ཀྱི་སྲོལ་རྒྱུན་བཟོ་རིག་གི་སྣ་ཁ་ཕུན་སུམ་ཚོགས་ཤིང་། ལོ་རྒྱུས་ཡུན་རིང་བ་དང་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད། ད་ཐེངས་བཟོ་བོ་གཞོན་དར་ལ་འགྲན་བསྡུར་བྱས་པ་དེས་སླད་ཕྱིན་བོད་ཀྱི་བཟོ་རིག་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་དང་ལྷག་པར་དུ་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རྒྱུན་འཛིན་བྱ་རྒྱུར་ནུས་པ་དེ་བས་ཆེ་བ་ཐོན་རྒྱུ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ཆེན་མོའི་འགྲན་ཞུགས་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེའི་ནང་ཐང་ག་དང་། འཇིམ་རྐོས། རྒྱན་གོས། བསླས་འཐག རྫ་ཆས་སྒྱུ་རྩལ་སོགས་སྲོལ་རྒྱུན་བཟོ་རྩལ་རིགས་36ཚུད་ཡོད། སྐབས་དང་པོ་དང་བསྡུར་ན་སྐབས་འདིའི་འགྲན་བསྡུར་ཆེན་མོའི་གཞི་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་དང་། རྫོང(ཆུས)ལ་ཁྱབ་པའི་གྲངས་འབོར། དེ་བཞིན་བཟོ་རྩལ་ཐོན་རྫས་ཀྱི་རིགས་བཅས་ཚང་མ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས། འཕར་ཚད་བརྒྱ་ཆ་28.67དང་། བརྒྱ་ཆ་23 བརྒྱ་ཆ་11བཅས་སོ་སོར་ཟིན་ནས། རང་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་ཡོད། འགྲན་བསྡུར་གྱི་ལྟེ་བའི་ལག་རྩལ་འགྲན་བསྡུར་གྱི་ལྷུ་ཚིགས་དེ་ཟླ་11ཚེས་23ནས་24ཉིན་བར་གཅིག་སྡུད་ཐོག་སྤེལ་བ་དང་། འགྲན་བསྡུར་ཆེན་མོ་གཉེར་བ་ནི་ལག་རྩལ་འགྲན་བསྡུར་གྱི་གར་སྟེཊ་ཤིག་ཡིན་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་རིག་གནས་གསོན་ཉམས་དོད་པོས་རྒྱུན་འཛིན་བྱེད་པ་ཞིག་དང་། གྲོང་གསེབ་དར་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212737.html 1 2025ལོའི་བཟོ་རིག་བུམ་པའི་བོད་རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་ལས་རིགས་ཀྱི་གཞོན་དར་ལག་ཤེས་པའི་ལག་རྩལ་འགྲན་ བསྡུར་ཆེན་མོ་སྐབས་གཉིས་པ་འགོ་ཚུགས་པ། /enpproperty-->