分享按钮

གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས་རིམ་ཁག་གཞི་རིམ་སྡེ་ཚོགས་ཀྱི་ལས་བྱེད་པ་དང་གཞོན་ནུ་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག ཀྲུང་གུང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་དཔྱོད་ཁང་གི་འཆད་ཁྲིད་དགེ་རྒན་ཀྲང་ཞའོ་ལི་ཡིས་པར་རིས་དང་ཡི་གེ་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་བོད་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་གཞོན་ནུའི་ལས་དོན་གྱི་ལག་ལེན་དཔེ་མཚོན་ལ་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་དམིགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་བརྒྱབ་པ་རེད། ཁོང་གིས་གོ་བདེ་བའི་སྐད་ཆའི་ཐོག་ནས་རིགས་པའི་གཞུང་ལུགས་ཀྱི་གཙོ་གནད་ལ་དབྱེ་ཞིབ་དང་། ཞིབ་ཅིང་ཕྲ་བའི་གྲངས་གཞི་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ར་སྤྲོད་བྱས་ཏེ་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ་དང་གཞོན་ནུ་རྣམས་ལ་སློབ་སྦྱོང་གཏིང་ཟབ་དང་། གོ་རིམ་ལྡན་པའི་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ལེན་རྒྱུར་ཁྲིད་སྟོན་བྱས་པས་ཚང་མས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་གཏིང་ཟབ་ཆུད་རྒྱུར་རོགས་རམ་བྱེད་པ་དང་། དུས་སྐབས་གསར་པའི་གཞོན་ནུའི་ཕྲག་ཐོག་གི་འགན་འཁྲི་ཁ་གསལ་བཟོ་བ་བཅས་ཀྱི་ཐད་ནས་གཞི་རིམ་གཞོན་ནུའི་ལས་དོན་ལ་ལག་ལེན་གྱི་དམིགས་ཚད་གཏན་འཁེལ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཕེང་ཡུན་གྱིས།ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན་པའི་ངོས་ནས་ཕྱིས་འབྱུང་གི་ལས་དོན་ཁྲོད་ངས་མུ་མཐུད་ནས་དད་སེམས་ཆེ་རུ་གཏོང་བ་དང་། ལས་གནས་ཐོག་གཞི་ཚུགས་ནས་འཇོན་ཐང་སྦྱོང་བ། གཞི་རིམ་དུ་གཞི་ཚུགས་ནས་ཐོག་མའི་བསམ་འདུན་སྒྲུབ་པ། དངོས་སྒྲུབ་ལ་བརྟེན་ནས་ཏང་ཐུགས་བློ་བདེ་པོ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཡོད་ཅེས་པའི་དམ་བཅའ་ལག་ལེན་བསྟར་ཏེ། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་སྒྲོག་འགྲེལ་གྱི་གཙོ་དོན་ཁ་གསལ་བ་དང་། ནང་དོན་ཞིབ་ཅིང་ཕྲ་བ། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ལྡན་པར་མ་ཟད། ལག་ལེན་གྱི་དྲོད་ཚད་ཀྱང་ལྡན་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞོན་ནུའི་ཚོགས་སྤྱིར་ཐད་ཀར་ཁྱབ་པ་དང་མི་སེམས་ལ་འཇགས་རྒྱུར་སྐུལ་མ་ཐེབས་ཡོད་ལ། ལང་ཚོའི་སེམས་པ་ཏང་ལ་ཕྱོགས་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྡུད་ནུས་ལྡན་ཐུབ་ནས་རྒྱ་ཆེའི་གཞོན་ནུ་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་བློ་སྟོབས་སྔར་བས་འཕེལ་ཏེ་རྗེས་མཐུད་ཀྱི་ལས་དོན་སྤེལ་ཆེད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད།

གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཉི་མ་ཚེ་སྐྱིད་ཀྱིས།ཕྱིས་འབྱུང་། ང་ཚོས་ཐེངས་འདིའི་སློབ་སྦྱོང་གོ་སྐབས་སུ་བྱས་ཏེ་རྒྱ་ཆེའི་གཞོན་ནུས་གྲོང་གསེབ་དར་རྒྱས་དང་། དང་བླངས་ཞབས་ཞུ། གཞི་རིམ་བཅོས་སྐྱོང་། གཞོན་ནུར་ཞབས་ཞུ་སོགས་འཐབ་ས་མདུན་མའི་ལས་དོན་ཁྲོད་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུར་སྔར་བས་སྐུལ་སློང་བྱས་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་རྒྱུར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212736.html 1 གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ། /enpproperty-->