ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ནང་གི་རྒྱལ་ཡོངས་ཀྱི་ཞུགས་གྲངས་ཁྲག་ཁྲིག་ལྡན་པའི་བོད་ཡིག་རྨང་སྟེགས་དཔེ་དབྱིབས་ཆེན་མོ་སྟེ། ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོའི་V1.0གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཉི་མ་བཀྲ་ཤིས་ཀྱི་ཚོགས་པ་དང་། པེ་ཅིང་ཀྲེ་ཕུ་ཧྭ་ཀྲང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པ་ཞིག་རེད། མིག་སྔར་ཞིབ་འཇུག་ཚོགས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཐོ་འགོད་སྙན་སེང་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཐོ་འགོད་སྙན་སེང་ལེགས་གྲུབ་ཟིན་རྗེས་དངོས་སུ་དྲ་ཐོག་ཏུ་སྤེལ་ཏེ་སྤྱི་ཚོཊ་ལ་ཞབས་འདེགས་ཞུ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོ་V1.0ནི་རྒྱལ་ཡོངས་ཀྱི་ཞུགས་གྲངས་ཁྲག་ཁྲིག་ལྡན་པའི་བོད་ཡིག་རྨང་སྟེགས་དཔེ་དབྱིབས་ཆེན་མོ་ཞིག་ཡིན་པ་དང་། དེར་བཀའ་རྟགས་དུང་ཕྱུར་288ལྷག་ཙམ་གྱི་སྤུས་ལེགས་བོད་སྐད་གྲངས་གཞི་སྤྱད་ཡོད་ཅིང་། དེའི་ནང་བོད་ཡིག་གི་ཚིག་དང་བརྗོད་པའི་གྲངས་གཞི་རྐྱང་པ་དང་། རྒྱ་བོད་དང་བོད་དབྱིན་ཤན་སྦྱར་གྲངས་གཞི། དེ་བཞིན་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཚིག་མཛོད་དཀར་ཆག་སོཊ་ཡོད། གྲངས་གཞིའི་ནང་དོན་ཐད་གསར་འགྱུར་དང་། བཅའ་ཁྲིམས། གསོ་རིག མཚན་ཉིད་རིག་པ། སློབ་གསོ། རིག་གནས་ལོ་རྒྱུས། ཚན་རིག་ལག་རྩལ་སོཊ་ཁྱབ་ཁོངས་མང་པོ་ཚུད་ཡོད་པས། དེས་རྙོག་འཛིང་ཆེ་བའི་སྐད་བརྡའི་གྲུབ་ཆ་དང་ཁྱབ་ཁོངས་མང་པོའི་ཤེས་བྱར་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་། བོད་སྐད་ཀྱི་བརྡ་དོན་ཤེས་རྟོཊ་དང་སྐྱེད་གྲུབ་ཀྱི་ནུས་པ་གཏིང་ཟབ་ལྡན་ཡོད། དེ་བཞིན་དྲི་བ་དྲིས་ལན་དང་ཕན་ཚུན་སྤེལ་རེས་བྱེད་པའི་ནུས་པ་ཆེན་པོ་ལྡན་ཞིང་། ནང་དོན་གནད་ལ་འཁེལ་བ་ཁ་གསལ་ཡོང་བའི་བརྩོན་ལེན་བྱེད་ཐུབ་ཀྱི་ཡོད།
བོད་སྐད་ཀྱི་ཐག་གཅོད་ནུས་པ་ཆེན་པོ་ལྡན་པ་ཕུད། ཉི་འོད་བོད་སྐད་དཔེ་དབྱིབས་ཆེན་པོ་V1.0ལ་ད་དུང་རྒྱ་སྐད་ལ་གོ་བ་ལེན་པ་དང་སྐྱེད་གྲུབ་བྱེད་པའི་ནུས་པ་ཆེན་པོ་ལྡན་ཡོད། ཀུན་འཕྲོད་རྨང་གཞིའི་དཔེ་དབྱིབས་ཤིག་ཡིན་པའི་ངོས་ནས། དེས་རིག་གནས་ཡུལ་སྐོར་ཞབས་ཞུ་དང་། འབྱུང་ཁམས་སྲུང་སྐྱོང་། ཞིང་འབྲོག་ཚན་ཞིབ། རིག་གནས་རྒྱུན་འཛིན། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་དང་ས་མཐོའི་བདེ་ཐང་སོགས་ལས་རིགས་མང་པོ་ཞིག་གི་དཔེ་དབྱིབས་ཆེན་པོའི་ནང་རྒྱ་ཁྱབ་ངང་སྤྱོད་ཆོག་པ་དང་། མཐའ་མཚམས་གྲངས་རིག་བཅོས་སྐྱོང་བྱེད་རིང་གི་སྐད་ཡིག་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་གཙོ་གནད་ཐོག་གཞོལ་ནས། དཔེ་དབྱིབས་ཆེན་པོར་བརྟེན་པའི་གྲོང་ཁོངས་དང་ས་ཁོངས་ཀྱི་བཅོས་སྐྱོང་ནུས་པ་དང་དམངས་འཚོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱེད་པ་དང་འབྲེལ་ནུས་རྒྱུ་གཙང་མ་གསར་སྤེལ་སོཊ་འགག་རྩའི་ལག་རྩལ་ཁྱབ་ཁོངས་ཀྱི་རིག་ནུས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སློབ་ཆེན་གྱི་ཡོན་ཧྲི་ཉི་མ་བཀྲ་ཤིས་ཀྱི་ཚོགས་པ་དང་པེ་ཅིང་ཀྲེ་ཕུ་ཧྭ་ཀྲང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་བོད་སྐད་ཀྱི་དཔེ་དབྱིབས་ཆེན་མོའི་ཞིབ་འཇུག་གསར་སྤེལ་ལས་དོན་སྤེལ་བའི་དམིགས་ཡུལ་ནི་བོད་སྐད་རིག་ནུས་ལག་རྩལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུ་དེ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社