ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་སྤུས་ཚད་མཐོན་པོའི་སྒོ་ནས་བཟོས་ཏེ།ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད།ཟླ་11ཚེས་18ཉིན་གྱི་ཕྱི་དྲོ།ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཐད་ཚན་རྩལ་ལས་རིགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་བློ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ལས་རིགས་ཁག་ནས་ཡོང་བའི་ཚན་རྩལ་ལས་རིགས་ཀྱི་འཐུས་མིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རྩལ་གྱི་ནུས་པ་དང་།ཚན་རྩལ་གྱི་འགག་སྒྲོལ།གྲངས་འཛིན་དཔལ་འབྱོར།ལས་སྟེགས་གལ་ཆེན་འཛུགས་སྐྲུན།ཚན་རྩལ་ལས་དོན་འཕེལ་རྒྱས་སོགས་ལ་དམིགས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་པ་རེད།
བློ་བརྟན་གྱིས་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་ཚན་རྩལ་འཕེལ་རྒྱས་འཆར་འགོད་ཡག་པོ་བྱ་རྒྱུ་དེ་ལྷ་སའི་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་རྒྱུ་དང་།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་བསམ་འཆར་དང་གྲོས་འཆར་ལ་བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་དང་།དོན་ཚན་རེ་རེ་བཞིན་ཞིབ་འཇུག སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་འཇོག་བཅས་བྱས་ཏེ་ཐུན་མོང་ཐོག་ལྷ་སའི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社