分享按钮

(པར་ངོས་དང་པོར་མཐུད)སྒོར་གཞས་དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་དམིགས་བསལ་ནང་སྦྱོང་བྱས་པ་ཞིག་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཕུལ་བྱུང་གི་ཞབས་བྲོའི་གཞི་རྒྱུ་མཉམ་འདྲེས་བྱས་ཡོད། ཞབས་བྲོ་འདི་འཁྲབ་དུས། ང་ཚོས་མི་རིགས་ཀྱི་གྱོན་ཆས་གྱོན་ནས་འཁྲབ་ན་ཧ་ཅང་འོས་ཤིང་འཚམ་པ་ཞིག་ཡོད། ཚང་མས་དགའ་སྣང་ཆེན་པོས་འཁྲབ་བཞིན་འདུག ད་ལྟའི་འཚོ་བ་ཧ་ཅང་བདེ་ཞིང་སྐྱིད་པ་ཞིག་ཡོད་ལ། ཉིན་ལྟར་ལུས་སྦྱོང་བྱས་ཚེ་གཟུགས་པོ་ཧ་ཅང་བདེ་པོ་འདུག་ཅེས་བཤད།

རྫོང་རྒྱབ་ཀླུ་ཁང་གི་རྒྱུན་གཏན་གྱི་འཚོ་བ་ནི་གངས་ལྗོངས་ས་མཐོའི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཚོན་ཚུལ་ཞིག་ཡིན། རྫོང་རྒྱབ་ཀླུ་ཁང་ནས་ཁ་གྱེས་ཁར་བརྡར་པ་ཚོས་མྱོང་བ་ཟབ་མོའི་སྒོ་ནས་ཉམས་ལེན་བྱེད་སྟངས་འདི་ལས་ང་ཚོས་བོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཐོང་བྱུང་ལ་ས་མཐོའི་བུ་ཕྲུག་ཚོས་འཚོ་བར་དགའ་ཞེན་བྱེད་པའང་ཚོར་བྱུང་ཞེས་བཤད། ཁོང་ཚོས་པར་ཆས་ལ་བརྟེན་ནས་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། མི་ཆོས་རིག་གནས་ཀྱི་ཉམས་འགྱུར། འཚོ་བའི་དྲོ་སྐྱིད་བཅས་བརྒྱུད་སྤྲོད་བྱས་ཏེ། མི་དེ་བས་མང་བས་བདེ་སྐྱིད་ལྡན་པའི་གངས་ལྗོངས་ས་མཐོ་ཤེས་རྟོཊ་ཐུབ་པར་བྱ་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212727.html 1 /enpproperty-->