ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་20ཉིན། ལྷ་ས་དགེ་འོས་སློབ་ཆེན་གྱིས་གླུ་སྒྲས་ས་མཐོའི་འབྱུང་འགྱུར་མངོན་ཞེས་པ་གཙོ་དོན་དུ་བྱས་པའི་སློབ་རའི་ཕུལ་བྱུང་གི་གཞས་པ་བཅུའི་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་གཉེར་ཞིང་། དུས་འགོའི་འགྲན་བསྡུར་གྱི་འགྲན་རྩོད་ཛ་དྲག་པོ་བྱས་པ་བརྒྱུད། ཕུལ་བྱུང་གི་གཞས་པ་10འགྲན་བསྡུར་ནང་ཚུད་པ་དང་མཐའ་བསྡུར་གྱི་གར་སྟེགས་ཐོག་འགྲན་བསྡུར་འཁྲུག་པོ་བྱས་ནས་སློབ་ར་ཡོངས་ཀྱི་དགེ་སློབ་ཚོར་ལང་ཚོའི་དཔལ་ཡོན་བཞད་པའི་རོལ་དབྱངས་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་མཛད་སྒོར་ཞུགས་ཡོད།
མཐའ་བསྡུར་བྱ་ཡུལ་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། འགྲན་ཞུགས་པ་ཁག་གི་ཉམས་འགྱུར་མི་འདྲ་བ་དང་། སོ་སོའི་ཁྱད་ཆོས་གཞིར་བཟུང《ཁམས་པའི་ཕོ་རྒོད》དང་། 《དཔལ་མགོན་ལ་བསྔགས་པ》 《ལྷ་མོ་མེ་ཏོག》སོགས་གླུ་གཞས་རེ་རེ་བཞིན་བཏང་བར་གར་སྟེགས་འོག་གི་དགེ་སློབ་ཚོའི་དགའ་བསུ་དང་དགའ་འབོད་ཐོབ་ཡོད། དཔྱད་འདེམས་པ་ཚོས་འགྲན་ཞུགས་པའི་གཞས་གདངས་དང་། འགྱུར་ཁུག སྒྲ་གདངས། གར་སྟབས་སོགས་ཕྱོགས་མང་པོའི་ཐད་ནས་ཕྱོགས་བསྡུས་སྐར་གྲངས་བརྒྱབ་པ་བརྒྱུད་མཐར། ཐེངས་འདིའི་སློབ་རའི་ཕུལ་བྱུང་གི་གཞས་པ་བཅུའི་འགྲན་བསྡུར་ཆེན་མོའི་བདམས་ཐོན་ཁག་བདམས་པ་རེད།
འགྲན་ཞུགས་པ་ཚེ་དབང་རྡོ་རྗེས་ཕུལ་བྱུང་གི་གཞས་པ་བཅུའི་མཐའ་བསྡུར་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།ཐེངས་འདིར་ངས་བདམས་པའི་གླུ་གཞས་ནི་རྒན་ཡར་དུང་ལགས་ཀྱིས་བཏང་བའི《ཁམས་པའི་ཕོ་རྒོད》ཅེས་པ་དེ་ཡིན། གླུ་གཞས་ནང་གི་རྩྭ་ཐང་སྟེང་གི་དཔའ་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་གསོན་ཤུགས་ཀྱིས་ང་ལ་སེམས་འགུལ་ཐེབས་བྱུང་ལ། ཁམས་པའི་ཕོ་རྒོད་ཀྱི་དཔའ་ཉམས་ཇི་མ་ཇི་བཞིན་མངོན་པར་བྱས་ཏེ་ཚང་མས་མི་རིགས་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་དང་། གླུ་གཞས་ལ་བརྟེན་ནས་དགའ་ཞེན་བྱེད་པ་མཚོན་པར་བྱས་ཡོད་ཅེས་བཤད།
ཐེངས་འདིའི་བྱེད་སྒོ་དེ་ཟླ་9ནས་སྤེལ་འགོ་ཚུགས་པ་དང་། སློབ་ར་ཡོངས་ཀྱི་སློབ་མའི་དང་ལེན་ཧུར་ཐག་ཐོབ་ཡོད། ལྷ་ས་དགེ་འོས་སློབ་ཆེན་གྱི་སྤུས་རྟགས་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་སློབ་རའི་ཕུལ་བྱུང་གི་གཞས་པ་བཅུའི་འགྲན་བསྡུར་ཆེན་མོས་སློབ་མར་རང་ཉིད་ངོ་སྤྲོད་བྱེད་པའི་གར་སྟེཊ་མཁོ་འདོན་བྱས་པར་མ་ཟད། ཚང་མས་རོལ་དབྱངས་ཁྲོད་ལང་ཚོའི་སྟོབས་ཤུགས་ཚོར་བ་དང་འགྲན་རྩོད་ཁྲོད་འཚར་ལོངས་ཡོང་བར་བྱས་ཡོད།
ལྷ་ས་དགེ་འོས་སློབ་ཆེན་གྱི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་བདེ་སྐྱིད་གཡང་འཛོམས་ཀྱིས་ཐེངས་འདིའི་བྱེད་སྒོ་བརྒྱུད། གླུ་སྒྲར་བརྟེན་ནས་དུས་རབས་ཀྱི་སྟོབས་ཤུཊ་བརྒྱུད་སྤྲོད་དང་རོལ་དབྱངས་ལ་བརྟེན་ནས་ལང་ཚོའི་ཕུཊ་འདུན་གཅིག་ཏུ་བསྒྲིལ་བ་དང་ཆབས་ཅིག་ཏུ། སློབ་མའི་སློབ་རའི་ནང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་མའི་ལང་ཚོའི་ཉམས་འགྱུར་དང་སྒྱུ་རྩལ་གྱི་འཇོན་ཐང་མངོན་པ། ཡར་རྒྱས་བརྩོན་ལེན་དང་ཁྱད་ཆོས་ལྡན་པའི་སློབ་རའི་རིག་གནས་ཀྱི་རྣམ་པ་གཏོད་པ་བཅས་བྱ་རྒྱུའི་རེ་བ་ཡོད་ལ། ཕྱིས་འབྱུང་ང་ཚོས་བྱེད་སྒོ་དེ་རིགས་མུ་མཐུད་དེ་སྤེལ་ནས་སློབ་མའི་སློབ་རའི་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོཊ་སུ་གཏོང་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社