分享按钮

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཨང་རྟགས་གཅིག་པའི་གཱ་བརྗེ་བའི་ལས་སྒོ་ཐོག་མར་སྤེལ་ནས་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་དུ་དངོས་སུ་ཚོད་ལྟ་བྱས་པ།

དམངས་ཕན་ཞབས་ཞུ་འཕྲལ་དུ་སྒྲུབ་པ་མངོན་འགྱུར་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རྒྱལ་ཁབ་ཀྱི་དངུལ་རྩས་དམངས་འཚོར་ཞབས་འདེགས་ཞུ་བའི་སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཆེད།ཉེ་ཆར།ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཨང་རྟགས་གཅིག་མཚུངས་ཀྱི་གཱ་བརྗེ་བའི་ལས་སྒོ་ཐོག་མར་སྤེལ་བའི་མཛད་སྒོ་གཉེར་བ་རེད།བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཞིབ་འཇུག་གསར་སྤེལ་ལམ་ལྷོངས་བྱུང་བ་དང་འབྲེལ་ཚོད་ལྟ་དངོས་སུ་བྱེད་མཁན་དངུལ་ཁང་དང་པོ་ཡིན་པའི་ངོས་ནས་བྱ་ཐབས་དེ་ནི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་རྒན་གསོའི་དངུལ་རྩའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་མ་ཟད།སྤྱི་ཚོགས་འགན་བཅོལ་གཱ་ཡི་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།

དུས་ཡུན་རིང་པོའི་ནང་།སྤྱི་ཚོགས་འགན་བཅོལ་གཱ་བརྗེ་བའི་དུས་འཁོར་རིང་བ་དང་།གཱ་བརྗེས་རྗེས་གཱ་ཡི་ཨང་གྲངས་འགྱུར་ལྡོག་བྱུང་ནས་འབྲེལ་ཡོད་ལས་སྒོར་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་གནད་དོན་གྱིས་རྒྱ་ཆེའི་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད།དམངས་འཚོའི་དཀའ་གནད་དེ་སེལ་ཆེད།ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལག་རྩལ་རིམ་སྤོར་དང་ལས་སྒོའི་བརྒྱུད་རིམ་ལེགས་སུ་བཏང་བ་བརྒྱུད།སྤྱི་ཚོགས་འགན་བཅོལ་གཱ་ཡི་ཨང་རྟགས་གཅིག་པའི་གཱ་བརྗེ་བའི་གསར་གཏོད་ཞབས་ཞུ་ལམ་ལྷོངས་བྱུང་ཡོད།ལས་སྒོ་དེའི་ལེགས་ཆ་གཙོ་བོ་ནི་གཱ་བརྗེས་ཀྱང་ཨང་གྲངས་མི་བརྗེ་བ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཨང་རྟགས་གཅིག་པའི་གཱ་བརྗེ་བའི་ལས་སྒོ་ཐོག་མར་སྤེལ་ནས་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་དུ་དངོས་སུ་ཚོད་ལྟ་བྱས་པ། 6 6 拉萨日报藏文 c212721.html 1 དམངས་ཕན་ཞབས་ཞུ་འཕྲལ་དུ་སྒྲུབ་པ་མངོན་འགྱུར་བྱུང་བ། /enpproperty-->