དགུན་སྟོད་དུ་ལྷ་སར་གྲང་ངར་རིམ་བཞིན་ཆེ་རུ་ཕྱིན་པ་དང་། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་པར་གྲོང་ཚོར་གནས་པའི་ཨེ་མཚོ་གཞིས་ཀས་དགུན་ཁའི་གླིང་ཁ་ལྟེ་བར་བྱས་པའི་IPཡིས་གངས་རིའི་མཛེས་ལྗོངས་དང་། དམངས་སྲོལ་ཉམས་ལེན། སྤྲོ་གསེང་རོལ་རྩེད་སོཊ་ལས་རྣམ་སྣ་ཚོཊ་སྦྲེལ་མཐུད་བྱས་ཏེ་སྲོལ་རྒྱུན་གྱི་གླིང་ཁ་ནས་དུས་བཞིའི་རིག་གནས་ཡུལ་སྐོར་མཚོན་རྟཊ་གསར་པར་རིམ་སྤོར་བྱས་ནས་ལྷ་སའི་དགུན་དུས་ཡུལ་སྐོར་ལ་གསོན་ཤུཊ་ཆེན་པོ་བསྣན་ཡོད། ཉེ་ཆར་གསར་འགོད་པ་ཨེ་མཚོ་གཞིས་ཀའི་དགུན་དུས་ཀྱི་ལྷིང་འཇཊ་དང་དྲོ་སྐྱིད་ལྡན་པའི་རྣམ་པར་ཉམས་ལེན་བྱེད་པར་བསྐྱོད་ཡོད།
གཞིས་ཀའི་ནང་དུ་སྐྱོད་སྐབས་སྲོལ་རྒྱུན་གྱི་གཞི་རྒྱུ་དང་དེང་རབས་ཀྱི་སྒྲིག་བཀོད་ཕན་ཚུན་སྤེལ་མར་བཀོད་ཡོད། ཚོམས་ཆེན་ནང་ལག་བྲིས་ཀྱི་ཐང་ག་དང་གནའ་ཉམས་དོད་པའི་ཁྱིམ་ཆས་ལས་སྐྱིད་སྣང་དོད་པའི་རྣམ་པ་ཞིག་བཏོད་ཡོད་པ་དང་། སྒེའུ་ཁུང་ནས་ཕྱིའི་གངས་རིའི་མཛེས་ལྗོངས་མཐོང་ཐུབ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社