分享按钮

མཚོ་བོད་ས་མཐོའི་ས་ངོས་ཀྱི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་10ལས་བརྒལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་འདུས་གྲུབ་བཀོལ་སྤྱོད་ཀྱི་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཨེ་ཤེ་ཡའི་ཆུ་སྤེ་ཞེས་གྲགས་པའི་མཚོ་བོད་ས་མཐོའི་ས་ངོས་ཀྱི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་10ལྷག་ཙམ་ཟིན་པ་དེ་ནི་རྨ་ཆུའི་ལོ་200ཡི་རྒྱུག་ཆུའི་བསྡོམས་འབོར་ཙམ་ཡིན་པ་དང་། རྒྱ་ཁྱོན་ཆེ་བའི་ཆུའི་ཐོན་ཁུངས་མ་ལག་དེས་འབྲི་ཆུ་དང་། རྨ་ཆུ། ཐ་ལི་མུ་གཙང་པོ་སོགས་འབབ་རྒྱུད་ཧྲིལ་པོས་ཀྲུང་གོའི་ཆུའི་ཐོན་ཁུངས་ལ་ཞབས་འདེགས་ཞུ་བའི་གཙང་པོ་དང་ཆུ་བོ་སྐྱེད་སྲིང་བྱས་ཡོད་ལ།ཡར་ཀླུང་གཙང་པོ་དང་། རྫ་ཆུ། མེ་ཀུང་གཙང་པོ། རྒྱལ་མོ་རྔུལ་ཆུ། སར་ཝུན་གཙང་པོ་སོཊ་གཙང་པོ་ཆེན་པོ་ཡང་སྐྱེད་སྲིང་བྱས་ཡོད་པས།རང་རྒྱལ་དང་དེ་བཞིན་སྨད་རྒྱུད་ཀྱི་མི་འབོར་དུང་ཕྱུར་20ལྷག་ཙམ་གྱི་ཆུའི་ཐོན་ཁུངས་འགན་ལེན་ལ་རམ་འདེགས་བྱས་ཡོད།

མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་བརྒྱུད་རིམ་ལྡན་པའི་ལྟ་ཞིབ་ཚད་ལེན་དང་ཕྱོགས་བསྡུས་འདུས་གྲུབ་ཀྱི་ཞིབ་འཇུག་བྱས་པ་བརྒྱུད། མཚོ་བོད་ས་མཐོའི་བརྒྱུད་མྱོང་བའི་ཁོར་ཡུག་ཕྱོགས་སྒྱུར་ཐེངས་གསུམ་གྱིས་ཨེ་ཤེ་ཡའི་ཆུ་སྤེ་དང་། འཁྱགས་པ། ཆུ། རླུང་གསུམ་གྱི་འགྱུར་ལྡོག་ཆེན་པོའི་བརྒྱུད་རིམ་དང་དེ་བཞིན་དེ་ལས་ཐོན་པའི་འཁྱགས་རོམ་འཁོར་རྒྱའི་གནོད་འཚེའི་ཉེན་ཁ་གསལ་པོར་བཟོས་པ་དང་འབྲེལ། ཨེ་ཤེ་ཡའི་ཆུ་སྤེ་ཡི་ཆུ་མཁོ་འདོན་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།

ཚན་རིག་རྟོག་ཞིབ་ལས་དོན་ལས་མངོན་པར་གཞིགས་ན།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212722.html 1 མཚོ་བོད་ས་མཐོའི་ས་ངོས་ཀྱི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་10ལས་བརྒལ་བ། /enpproperty-->