ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང(མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཞེས་བསྡུ་རྒྱུ)དང་སྟག་རྩེ་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཡིད་རྟོན་གྱི་སྤྱི་ཚོགས་བཏོད་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཅེས་པའི་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ཚོགས་འདུ་སྟག་རྩེ་ཆུས་བཟོ་ལས་གླིང་དུ་འཚོགས་ཤིང་། དངུལ་ཁང་སྒྲིག་གཞི་10ལྷག་ཙམ་གྱིས་གླིང་ཁུལ་གྱི་ཁེ་ལས་8དང་མཉམ་འཛོམས་བྱས་ཏེ་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་ལས་སྟེགས་སྦྲེལ་ཐག་ཏུ་བྱས་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་བ་རེད།
ད་ཐེངས་ཀྱི་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཚོགས་འདུའི་དམིགས་ཡུལ་ནི་དངུལ་ཁང་དང་སྟག་རྩེ་ཆུས་ཀྱི་ཁེ་ལས་དབར་གྱི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཆུང་གྲས་དང་། འབྲིང་གྲས། ཆེས་ཆུང་གྲས་བཅས་དང་དངུལ་རྩའི་སྒྲིག་གཞིའི་དབར་ཆ་འཕྲིན་གྱི་འབྲེལ་ཟམ་ཞིག་བཙུགས་ཏེ་ཚོང་ལས་ཀྱི་གོ་སྐབས་མཁོ་འདོན་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དེ་རེད།
བོད་ལྗོངས་རྒྱ་སེ་མེ་ཏོག་སྐྱེ་དངོས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་མའེ་ཡན་གྱིས་ད་ཐེངས་ཀྱི་འབྲེལ་མཐུད་ཚོགས་འདུར་ཞུགས་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཀྱི་སྦྲེལ་མཐུད་ཚོགས་འདུར་གླིང་ཁུལ་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་དངུལ་ཁང་ཆེ་གྲས་ཁག་གདན་དྲངས་ཏེ་ང་ཚོར་མ་དངུལ་བསྡུ་སྒྲིལ་གྱི་སྲིད་ཇུས་ཡག་པོ་དང་ལས་སྟེགས་ཡག་པོ་མཁོ་འདོན་བྱས་ནས་ང་ཚོའི་དཀའ་ངལ་སེལ་རོགས་བྱས་པས་ང་ཚོར་ཀུང་སི་སྟོབས་ཆེར་གཏོང་རྒྱུའི་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
ད་ཐེངས་ཀྱི་འབྲེལ་མཐུད་ཚོགས་འདུས་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་སྟེགས་བུར་བརྟེན་ནས་དངུལ་ཁང་དང་ཁེ་ལས་ལ་གཏའ་འཇོག་མི་དགོས་པ་དང་མགྱོགས་མྱུར་ཞིབ་མཆན་འགོད་པའི་མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་ཟམ་བསྐྲུན་ཡོད་པས། སྔོན་དཔག་བྱས་ན་སྟག་རྩེ་ཆུས་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་ལ་མ་དངུལ་སྒོར་ཁྲི་ཆིག་སྟོང་ཙམ་གྱི་དགོས་མཁོ་ཐག་གཅོད་ཐུབ་རྒྱུ་རེད།
ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཀུན་ཕན་དངུལ་རྩ་བྱ་གཞག་པུའི་འཛད་སྤྱོད་ཅིང་ལི་ཚེ་དབང་གྲགས་པས་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་ལས་སྟེགས་ཀྱིས་ཁེ་ལས་ལ་རོགས་རམ་མང་པོ་བྱས་ཡོད། ཁེ་ལས་ཀྱི་མ་འཇོག་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་བ། མ་དངུལ་བསྡུ་སྒྲིལ་གྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་ཐུབ་པར་མ་ཟད། ད་དུང་ཁེ་ལས་ལ་ཡིད་རྟོན་རྒྱུ་ནོར་གསོག་འཇོག་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཁེ་ལས་ཀྱི་ཡུན་རིང་མ་དངུལ་བསྡུ་སྒྲིལ་གྱི་ནུས་པ་མཐོ་རུ་གཏོང་ཐུབ། ཕྱིས་འབྱུང་། འཛུགས་སྐྲུན་དངུལ་ཁང་གིས་ལས་སྟེགས་ལ་བརྟེན་ནས་དངུལ་རྩའི་ཐོན་རྫས་དེ་བས་མང་བ་བཏོད་དེ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ལས་ཕྱོད་དང་དེ་བཞིན་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱ་རྒྱུ་རེད་ཅེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社