分享按钮

ཁྲེང་ཀོན་ཆུས་ཀྱིས་གདན་ཞུའི་འདུ་ཚོགས་འཚོགས་པ།

ལས་ཞུགས་ཀྱི་སྦྲེལ་ཟམ་བསྐྲུན་ནས་ཤེས་ལྡན་མི་སྣའི་ལས་གནས་གནད་སྨིན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་18ཉིན་ཁྲེང་ཀོན་ཆུས་ཀྱིས་ཉིན་བརྒྱའི་ཞབས་ཞུའི་འགག་སྒྲོལ་ཏེ། ལས་གནས་ཁྲི་སྟོང་མང་པོ་མཁོ་འདོན་བྱས་ནས་ཕུགས་འདུན་སྒྲུབ་པའི་གདན་ཞུའི་འདུ་ཚོགས་འཚོགས་པ་རེད། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུས་ལས་ཀ་འཚོལ་མཁན་དང་ཁེ་ལས་དབར་གནད་སྨིན་སྦྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་ནས་སློབ་ཆེན་ཐོན་པའི་སློབ་མ་སོགས་གཙོ་གནད་ཚོགས་སྤྱིར་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རམ་འདེགས་བྱས་ཡོད།

གདན་ཞུའི་ཚོགས་འདུའི་ཐོག་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་། ལས་ཀ་འཚོལ་མཁན་མི་ཉུང་བ་ཞིག་ཞོགས་པ་སྔ་པོ་ནས་ཡུལ་དངོས་སུ་ཡོང་སྟེ་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལོ་རྒྱུས་མདོར་བསྡུས་ལག་ཏུ་འཁྱེར་ནས་ཁེ་ལས་ཁག་གི་འགྲེམས་གནས་སུ་ཡོང་ནས་རང་ཉིད་དང་འཚམ་པའི་ལས་ཞུགས་ཀྱི་གོ་སྐབས་འཚོལ་བཞིན་མཆིས། ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ལ་སྤུས་ལེགས་ཁེ་ལས་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ལས་ཞུགས་ལས་གནས་963མཁོ་འདོན་བྱས་པའི་ནང་སྨན་བཅོས་དང་།སློབ་གསོ། ཡུལ་སྐོར་དོ་དམ། ནོར་དོན་དོ་དམ། ཁྲོམ་རའི་གཉེར་ཚོང་སོགས་ཁྱབ་ཁོངས་མང་པོའི་ལས་ཞུགས་ལས་གནས་ཚུད་ཡོད་པས་ཆེད་ལས་དང་རྩལ་ནུས་ཆུ་ཚད་མི་འདྲ་བའི་ལས་ཀ་འཚོལ་མཁན་ལ་ཕུན་སུམ་ཚོགས་པའི་གདམ་ག་མཁོ་འདོན་བྱས་ཡོད།

སྐད་ཡིག་རྩོམ་རིག་གི་འབྲེལ་ཡོད་ཆེད་ལས་ནས་ཐོན་པའི་ལས་ཀ་འཚོལ་མཁན་སྐལ་བཟང་གིས་ང་དེ་རིང་ཡོང་དོན་གཙོ་བོ་ནི་ཆེད་ལས་དང་འཚམ་པའི་ལས་གནས་ཤིག་འཚོལ་འདོད་ཡོད། ད་གིན་ཁེ་ལས་གཉིས་དང་སྤེལ་རེས་སྟབས་བདེ་བྱས་པས་ཡག་མདོག་ཅིག་འདུག་པས་ལོ་རྒྱུས་མདོར་བསྡུས་ཀྱང་ཁོང་ཚོར་སྤྲད་པ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་ཀྱིས་ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་འཚོགས་པ་ནི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་རེད། ལས་གནས་མང་དག་ཅིག་མཁོ་འདོན་བྱས་པ་ཡིས་ས་གནས་འདི་གའི་ལས་ཀ་འཚོལ་མཁན་གྱི་ལས་ཞུཊ་ཐབས་ལམ་རྒྱ་ཆེར་ཕྱིན་ནས་ས་ཁོངས་ཀྱི་ལས་ཞུགས་བརྟན་པོ་དང་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་ཞུགས་གཞུང་དོན་ཁང་གི་ལས་དོན་མི་སྣ་ལན་ཡའོ་ཡིས་གདན་ཞུའི་འདུ་ཚོགས་མ་འཚོག་གོང་ང་ཚོས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་པ་དང་ཆབས་ཅིག་ཏུ་ལས་ཀ་འཚོལ་མཁན་གྱི་ལས་ཞུགས་རེ་ཞུ་དང་གནད་སྨིན་སྦྲེལ་མཐུད་བྱས་ནས་ཁེ་ལས་ལ་མཁོ་བའི་ཤེས་ལྡན་མི་སྣ་དང་ལས་ཀ་འཚོལ་མཁན་ལ་འོས་འཚམ་གྱི་ལས་གནས་ཐོབ་པའི་རྣམ་པ་ཞིག་ཆགས་པར་བྱས་ཡོད། སློབ་གྲོགས་ཚོས་ཆེད་ལས་ཀྱི་ཤེས་བྱ་དང་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་རང་འགུལ་ངང་ཁེ་ལས་དང་འབྲེལ་གཏུག་བྱེད་པ་དང་། བློ་ཁོག་ཆེན་པོས་རང་ཉིད་ངོམས་པ། ཕྱོགས་གཉིས་གདམ་ག་བྱེད་པའི་ཁྲོད་རང་ཉིད་ལ་འཚམ་པའི་ལས་གནས་ཤིག་རྙེད་པ་བཅས་བྱས་ཏེ་ལང་ཚོའི་ཕུགས་འདུན་དེ་འབད་འཐབ་ཁྲོད་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་བཤད།

འབྱུང་འགྱུར་ཁྲེང་ཀོན་ཆུས་ཀྱིས་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་མུ་མཐུད་དུ་སྤེལ་ནས་ལས་ཞུགས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀ་འཚོལ་མཁན་དང་ཁེ་ལས་ལ་དེ་བས་སྤུས་ལེགས་དང་ནུས་ཆེའི་ཞབས་འདེགས་ཞུ་རྒྱུ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-22 ཁྲེང་ཀོན་ཆུས་ཀྱིས་གདན་ཞུའི་འདུ་ཚོགས་འཚོགས་པ། 6 6 拉萨日报藏文 c212681.html 1 ལས་ཞུགས་ཀྱི་སྦྲེལ་ཟམ་བསྐྲུན་ནས་ཤེས་ལྡན་མི་སྣའི་ལས་གནས་གནད་སྨིན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ། /enpproperty-->