ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་20ཉིན། རྗེ་འབུམ་སྒང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་དང་མཚུངས། ཀྲུང་གོའི་ཕུགས་འདུན་འབད་པས་མཉམ་དུ་གཏོད་ཅེས་པའི་གཙོ་དོན་བྱེད་སྒོ་དེ་རང་སྐྱོང་ལྗོངས་ལས་བྱེད་པ་རྒན་གྲས་བྱེད་སྒོའི་ལྟེ་གནས་སུ་འཚོགས་པ་དང་། ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁྲེང་ཀོན་ཆུས་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། གནའ་གྲོང་ཁུལ་འགན་ལེན་གྱི་འགོ་ཁྲིད། དེ་བཞིན་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་ཕྱོགས་མང་པོའི་མི་སྣ་ཡུལ་དངོས་སུ་མཉམ་དུ་འཛོམས་ནས་རིག་གནས་སྦྲེལ་ཐག་ཏུ་བྱས་ནས་མཐུན་སྒྲིལ་གྱི་ལེའུ་བརྩམས་པ་རེད།
གཙོ་དོན་བྱེད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། རྗེ་འབུམ་སྒང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཚང་མའི་སྣེ་ཁྲིད་ནས་རྩོམ་ཡིག《དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་ཡག་པོ་དང་ལག་ལེན་ཡག་པོ་ཏན་ཏིག་བྱ་དགོས་པ་སྟེ། <མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ཀློག་དེབ>པར་སྐྲུན་སྐབས》སུ་བྲིས་པའི་འབྲེལ་ཡོད་དགོངས་དོན་གལ་ཆེན་ལ་ཐུན་མོང་ཐོག་སློབ་སྦྱོང་བྱས་ཤིང་། དེ་རྗེས་ཁྲོམ་གཞུང་གི་ཁོངས་གཏོགས་སྡེ་ཁུལ་ཁག་གིས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་འདྲ་མིན་སྣ་ཚོགས་དང་བཀྲག་མདངས་ཡང་ཡང་མངོན་པར་བྱས་པ་སྟེ། 《ཨེ་གསར་གཡང་ཆགས》དང་། 《བྱ་ཐང་གི་ཉི་འོད》སོགས་མི་རིགས་ཞབས་བྲོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། 《རྗེ་འབུམ་སྒང་གི་མཐུན་སྒྲིལ་གྱི་ལེའུ་རྩོམ་པ》《ཕུགས་འདུན་མཉམ་དུ་གཏོད། ཀྲུང་ཧྭའི་ལེའུ་རྩོམ》ཞེས་པ་སོགས་ཀྱི་གཏམ་བཤད་ལེ་ཚན་གྱིས་ཐུན་མོང་གི་ཕུགས་འདུན་མཉམ་གཏོད་བྱ་རྒྱུ་བརྒྱུད་སྤྲོད་བྱས་པ་དང་། ལེ་ཚན་འཁྲབ་སྟོན་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་བཅུག་པས་མཉམ་འགུལ་གྱི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་སོང་བ་རེད།
སུའུ་ཧྲན་ནི་རྗེ་འབུམ་སྒང་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན་ལ་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཡང་ཡིན། ཁོང་གིས་གསར་འགོད་པར་དུས་རྒྱུན་ཁྲོམ་གཞུང་དང་སྡེ་ཁུལ་གྱི་འགོ་ཁྲིད་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་ཁྱིམ་མཚེས་རྣམས་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས་སོགས་གང་ཡིན་རུང་། མི་རིགས་ཁག་དབར་མཐུན་སྒྲིལ་ཡག་པོ་ཡོད་པས་ཁྱིམ་ཚང་གང་ལ་དཀའ་ངལ་ཡོད་ན་ཚང་མས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད་པས་ཕན་ཚུན་དབར་ཧ་ཅང་འཆམ་མཐུན་ཡོད་ཅེས་བཤད་པ་རེད།
སུའུ་ཧྲན་གྱིས་དེ་རིང་མི་རིགས་མཐུན་སྒྲིལ་གྱི་གཙོ་དོན་བྱེད་སྒོ་འདིར་ཞུགས་སྐབས། ཚང་མ་མཉམ་དུ་འཛོམས་ནས་ལེ་ཚན་ལ་བལྟ་བ་དང་རྒྱུན་ལྡན་གྱི་ཁ་བརྡ་བྱས་པས་ཧ་ཅང་དགའ་པོ་བྱུང་། ངའི་རེ་བ་ནི་སླད་ཕྱིན་བྱེད་སྒོ་འདི་འདྲ་མང་ཙམ་སྤེལ་ཐུབ་ན་ང་ཚོའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྔར་བས་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་ཅེས་བཤད།
བཞུགས་མོལ་སྤེལ་རེས་ཀྱི་སྐབས་སུ། མི་རིགས་ཁག་གི་འཐུས་མིས་གོམས་སྲོལ་མཉམ་སྤྱོད་དང་འཕེལ་རྒྱས་སྐོར་ལ་མཉམ་དུ་གླེང་མོལ་བྱས་ནས་ཡུལ་དངོས་སུ་མཉམ་འགུལ་མང་ཞིང་འཁྲུག་ཆ་དོད་པོ་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེས་ཁྲོམ་གཞུང་གི་སླད་ཕྱིན་གྱི་མི་རིགས་ཞབས་ཞུ་གནད་འཁེལ་ཅན་དུ་འགྱུར་བར་ཁ་ཕྱོགས་ཁ་གསལ་སྟོན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཏིང་ཟབ་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་རོགས་རམ་གང་ལེགས་ཐུབ་ཡོད།
རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རི་སྡེ་ཁུལ་གྱི་ལས་དོན་མི་སྣ་བསྟན་འཛིན་ནོར་བུ་ཡིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དབར་མཐུན་སྒྲིལ་དམ་ཟབ་ཡོང་བའི་སྦྲེལ་ཟམ་བཙུགས་ཏེ་རིག་གནས་འབྲེལ་ཐག་ཏུ་བརྩིས་ནས་ཕན་ཚུན་དབར་གྱི་བར་ཐག་ཉེ་རུ་བཏང་སྟེ་མི་རིཊ་མཐུན་སྒྲིལ་གྱི་ལས་དོན་དེ་གལ་འགངས་ཆེ་བ་ཞིག་ཡིན་པ་ཚང་མས་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ་དེའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་བརྩེ་བའི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་ཆེད་ཡིན་ཞེས་བཤད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社