分享按钮

ཚན་རྩལ་ལ་བརྟེན་ནས་མཚོ་བོད་ས་མཐོའི་འབྱུང་འཕྲོད་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོཊ་བསྡུས་འདུས་གྲུབ་ཉེར་སྤྱོད་ཡོངས་བསྒྲཊ་ཚོགས་འདུའི་ཟུར་བྲིས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲི་ཅིན་རུའུ།

དགུན་དུས་ཀྱི་ས་མཐོའི་ནམ་མཁའ་གཡའ་དག་ཅིང་ས་གཞི་རྒྱ་ཆེ།

ཟླ་11ཚེས་19ཉིན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོགས་བསྡུས་ཉེར་སྤྱོད་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ་བརྒྱུད་རིམ་ལྡན་པའི་ངང་ཡོངས་བསྒྲགས་བྱས་པ་རེད།

འདི་ནི་ཀུན་གྱིས་དོ་སྣང་བྱེད་པ་དང་གྲུབ་འབྲས་གཡུར་དུ་ཟ་བའི་ཚོཊ་འདུ་གཟབ་རྒྱས་ཤིག་རེད། 2017ལོའི་ཟླ་8ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་ཕྱོཊ་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ(གཤམ་དུ་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ཞེས་བསྡུ་རྒྱུ)འགོ་ཚུགས་པའི་སྐབས་དང་བསྟུན་ནས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་ཚན་རིག་རྟོག་ཞིབ་དེ་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་མཚོན་རྟགས་རང་བཞིན་གྱི་ཚན་རིག་འདུ་འགོད་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ལོ་8རིང་། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བཅངས་ནས་ཚན་རིག་མཁས་ཅན་རྒན་རབས་ཚོའི་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་ཡར་བརྩོན། དཔའ་ངར་ཆེན་པོས་རི་རྩེར་འཛེག་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། ས་བབ་ཧ་ཅང་མཐོ་བ་དང་། དྲོད་ཚད་དམའ་བ། དམའ་གནོན། འགྱེད་འཕྲོ་ཆེ་བ་སོགས་ཁོར་ཡུག་གི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་པ། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་3000ལྷག་ཙམ་སྒྲིག་འཛུགས་བྱས་པ། མི་ཐེངས་30000ལྷག་ཙམ་གྱིས་མཚོ་བོད་ས་མཐོའི་ཡུལ་ཁོངས་ཧྲིལ་པོར་ཚན་རིག་རྟོག་ཞིབ་བྱས་པ་རེད།

ཡོངས་བསྒྲཊ་ཚོཊ་འདུ་དེ་ནི་ལོ་8རིང་གི་ཚན་རིག་རྟོག་ཞིབ་ལས་དོན་གྱི་བརྒྱུད་རིམ་ལྡན་པའི་ཕྱོཊ་བསྡོམས་ཤིག་ཡིན་ལ་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོང་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་དེ་བས་ཀྱང་རེད་ཅེས་པའི་ལས་དོན་མི་སྣའི་གསུང་བཤད་དང་བསྒྲགས་ནས་ཡོངས་བསྒྲཊ་ཚོཊ་འདུ་དངོས་སུ་འགོ་ཚུཊ་པ་རེད།

མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་དཔོན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ཕྱོགས་བསྡུས་ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པའི་ནང་འབྱུང་ཁམས་སྲུང་སྐྱོང་དང་། གནོད་འཚེ་སྔོན་འགོག་ཚོད་འཛིན། ཐོན་ཁུངས་དང་ནུས་རྒྱུ་བརྟག་དཔྱད། ཐཱན་གྱི་གཏོང་ཡོང་ཞིབ་རྩིས། འགྲིམ་འགྲུལ་བདེ་འཇགས་འགན་ལེན། མཐའ་མཚམས་འཕེལ་རྒྱས་སོགས་འགག་རྩའི་ཁྱབ་ཁོངས་ཚུད་པ་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་མཚོ་བོད་ས་མཐོའི་ཁོར་ཡུག་ཕྱོགས་སྒྱུར་སྐོར་གྱི་ངོས་འཛིན་གསར་པ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཡོད།

ཡའོ་ཐན་ཏུང་གིས་ཞིབ་འཇུག་བྱས་པ་ལས་མངོན་པར་གཞིཊ་ན། མཚོ་བོད་ས་མཐོར་ཁོར་ཡུག་ཕྱོཊ་སྒྱུར་གལ་ཆེན་ཐེངས་གསུམ་བརྒྱུད་པ་སྟེ་རི་བོ་དང་རྒྱ་མཚོ་མགོ་རྟིང་སློག་པ་དང་ཁྱད་པར་ཡོད་པའི་ས་འབུར་དུ་ཐོན་ནས་དུས་རླུང་བྱང་ཕྱོཊ་སུ་ལྡང་ཞིང་། རྒྱ་མཚོའི་དྲོ་ཞིང་གཤེར་བའི་མཁའ་རླུང་ལས་ཁོར་ཡུག་ཕྱོཊ་སྒྱུར་ཐེངས་དང་པོར་སྐུལ་འདེད་ཐེབས་ཡོད། བྱང་རྒྱུད་འབུར་དུ་ཐོན་པ་དང་དེང་རབས་ས་མཐོར་གྲང་ཐན་ཅན་དང་སྣེ་གསུམ་མཉམ་འགུལ་གྱི་རྣམ་པ་ཆཊ་ནས་ཁོར་ཡུག་ཕྱོཊ་སྒྱུར་ཐེངས་གཉིས་པར་སྐུལ་འདེད་ཐེབས་ཡོད། གོ་ལ་ཧྲིལ་པོའི་འགྱུར་ལྡོག་དང་མིའི་རིཊ་ཀྱི་བྱེད་སྒོས་ས་མཐོའི་དྲོད་བརླན་ཅན་དང་མངོན་མེད་སྔོ་འགྱུར་བཟོས་ནས་ཁོར་ཡུག་ཕྱོཊ་སྒྱུར་ཐེངས་གསུམ་པར་སྐུལ་འདེད་བཏང་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-22 མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོཊ་བསྡུས་འདུས་གྲུབ་ཉེར་སྤྱོད་ཡོངས་བསྒྲཊ་ཚོགས་འདུའི་ཟུར་བྲིས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲི་ཅིན་རུའུ། 6 6 拉萨日报藏文 c212677.html 1 ཚན་རྩལ་ལ་བརྟེན་ནས་མཚོ་བོད་ས་མཐོའི་འབྱུང་འཕྲོད་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ། /enpproperty-->