分享按钮

ཟླ་11ཚེས་13ཉིན།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་གྱི་མཐའ་བསྡུར(མི་སྒེར་གྱི་ཐོབ་ཐང་འགྲན་བསྡུར)ཀོང་ཏུང་ཧྲེན་ཀྲེན་ཀོང་མིན་རྒྱལ་སྤྱིའི་རྟ་རྩལ་ལྟེ་གནས་སུ་གཉེར་ཡོད། ◀པར་འདི་ནི་ཉིན་དེར་བོད་ལྗོངས་རུ་ཁག་གི་འགྲན་ཞུགས་པ་བསྟན་འཛིན་བློ་བརྟན་གྱིས་རྟ་རྩལ་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན་ཞིང་། མི་སྒེར་གྱི་འགྲན་བསྡུར་ཁྲོད་ཁོང་ལ་ཨང་17ཐོབ་པ་དང་།ཚོགས་པའི་འགྲན་བསྡུར་ཁྲོད་བོད་ལྗོངས་ལ་ཨང་ལྔ་པ་ཐོབ་ཡོད། ཟླ་11ཚེས་13ཉིན།ཀོང་ཏུང་ཏུང་ཀོན་དུ་འཚོཊ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོཊ་སྐབས་བཅོ་ལྔ་པའི་བུད་མེད་ཀྱི་ལྗིད་འདེཊ་སྤྱི་རྒྱ་76རིམ་པའི་མཐའ་བསྡུར་ནང་ཧྥུའུ་ཅན་རུ་ཁག་གི་འགྲན་ཞུགས་པ་ལེའོ་ཀུའེ་ཧྥང་ལ་ཨང་དང་པོ་ཐོབ་པ་དང་། ཧུའུ་ནན་རུ་ཁག་གི་འགྲན་ཞུགས་པ་ཐན་ལི་རུང་དང་ཅི་ལིན་རུ་ཁག་གི་འགྲན་ཞུགས་པ་ལི་མོང་ཧྥན་ལ་ཨང་གཉིས་པ་དང་གསུམ་པ་སོ་སོར་ཐོབ་ཡོད། ▼པར་འདི་ནི་ཉིན་དེར་ཅི་ལིན་རུ་ཁག་གི་འགྲན་ཞུགས་པ་ལི་མོང་ཧྥན་གྱིས་ལྗིད་འདེགས་སྤྱི་རྒྱ་76འགྱོགས་བཞིན་པའི་རྣམ་པ་ཡིན།

ཟླ་11ཚེས་13ཉིན།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བུད་མེད་ཀྱི་བྲག་འཛེག་རྣམ་གྲངས་ཀྱི་མྱུར་ཚད་གྲ་སྒྲིག་འགྲན་བསྡུར་ཀོང་ཀྲོའུ་རུ་གཉེར་ཡོད། ▲པར་འདི་ནི་ཉིན་དེར་བོད་ལྗོངས་རུ་ཁག་གི་འགྲན་ཞུགས་པ་ཚེ་རིང་བདེ་སྐྱིད་ཀྱིས་བུད་མེད་ཀྱི་མྱུར་ཚད་གྲ་སྒྲིག་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན།

ཟླ་11ཚེས་13ཉིན།རྒྱལ་ཡོངས་ལུས་རྩལ་འགྲན་ཚོཊ་སྐབས་བཅོ་ལྔ་པའི་རླབས་ཤུད་རྣམ་གྲངས་ཀྱི་བུད་མེད་ཀྱི་རེས་སྐོར་དང་པོའི་འགྲན་བསྡུར་དེ་ཀོང་ཏུང་ནན་ཨའོ་རུ་གཉེར་ཡོད། ▲པར་འདི་ནི་ཉིན་དེར་ཧྥུའུ་ཅན་རུ་ཁག་གི་འགྲན་ཞུགས་པ་ལིན་ཧྲན་ཧྲན་གྱིས་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན་ཞིང་། ཁོང་གིས་སྐར་མ་9.44ཡི་གྲུབ་འབྲས་བླངས་ནས་ཨང་རིམ་བཅུ་དྲུག་པའི་འགྲན་བསྡུར་ནང་ཚུད་ཡོད།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 6 6 拉萨日报藏文 c211932.html 1 /enpproperty-->