分享按钮

ཨའེ་ཏེ་ཧྭ་ཙེ་ཡིས་དབྱིན་ཁྲའོ་ལང་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོའི་འགན་བླངས་པ།

ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། དབྱིན་ཁྲའོ་ལང་རུ་ཁག་གིས་ཚེས་12ཉིན་ལུའོ་པུའུ་ཨའེ་ཏེ་ཧྭ་ཙེ་ཡིས་སྤོ་ལོའི་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོའི་འགན་བླངས་པའི་ཁྱབ་བསྒྲགས་བྱས་ཤིང་།ཕྱོགས་གཉིས་པོས་དུས་ཡུན་ལོ་གསུམ་དང་ཕྱེད་ཀའི་གན་རྒྱ་བཞག་པ་རེད།

ཨའེ་ཏེ་ཧྭ་ཙེ་ཡིས་ཡུན་རིང་མ་སོང་གོང་ལས་ཁོངས་ནས་ཕུད་པའི་ཝེ་ཐོ་ཕེ་ལེ་ལཱ་ཡི་ཚབ་བྱས་ཤིང་། མིག་སྔའི་ལས་འགན་གཙོ་བོ་ནི་དབྱིན་ཁྲའོ་ལང་རུ་ཁག་འདི་རིམ་མཚུངས་མཉམ་འགྲན་གྱི་རིམ་པ་འབེབས་པའི་དཀའ་གནད་ལས་སྒྲོལ་རོགས་བྱ་རྒྱུ་དེ་རེད། དབྱིན་ཁྲའོ་ལང་རུ་ཁག་ལ་དུས་ཚིགས་འདིའི་འགྲན་བསྡུར་འགོ་ཚུགས་སྐབས་གྲུབ་འབྲས་བཟང་པོ་ཐོབ་མེད་ཅིང་།རེས་སྐོར་11པའི་རྗེས་སུ་སྐར་མ་2ལས་བསགས་མེད་པས།རིམ་མཚུངས་མཉམ་འགྲན་ཁྲོད་ཨང་རིམ་དམའ་ཤོས་སུ་སླེབས་ཡོད།

ལོ་42ལ་སླེབས་པའི་ཨའེ་ཏེ་ཧྭ་ཙེ་དེ་སྔོན་རུ་མི་ཡིན་པའི་སྐབས་སུ་དབྱིན་ཁྲའོ་ལང་རུ་ཁག་གི་འགྲན་བསྡུར་ནང་ཐེངས་111ཞུགས་ཡོད། རྩལ་ཁྲིད་པ་གཙོ་བོ་ཡིན་པའི་ངོས་ནས་ཁོང་གིས་2023ལོར་ལུའུ་ཏུན་རུ་ཁག་གི་སྣེ་ཁྲིད་དེ་དབྱིན་ཁྲའོ་འགྲན་བསྡུར་ནང་རིམ་པ་འཕར་བར་བྱས་ཡོད། དབྱིན་ཁྲའོ་ལང་རུ་ཁག་གི་རྩལ་ཁྲིད་པ་མ་བྱས་གོང་། ཁོང་གིས་སྣེ་ཁྲིད་པའི་སྨི་ཏེར་སི་པའོ་རུ་ཁག་ལ་དབྱིན་ཀོན་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅིང་།མིག་སྔར་ཨང་གཉིས་པར་སླེབས་ནས་འགྲན་བསྡུར་གྱི་རིམ་པ་འཕར་བའི་རུ་ཁག་གཙོ་བོའི་གྲས་སུ་སླེབས་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 6 6 拉萨日报藏文 c211933.html 1 ཨའེ་ཏེ་ཧྭ་ཙེ་ཡིས་དབྱིན་ཁྲའོ་ལང་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོའི་འགན་བླངས་པ། /enpproperty-->