(པར་ངོས་དང་པོར་མཐུད)རྒན་ཡོལ་ཞུས་པའི་བྱེད་པ་ཞིག་ཡིན་པའི་ངོས་ནས་བོད་ལ་ཐོབ་པའི་གྲུབ་འབྲས་ལ་དགའ་ཚོར་ཆེན་པོ་བྱུང་ལ།བོད་ཀྱི་འབྱུང་འགྱུར་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་བཤད།
རྔ་ཆེན་ཁྲོམ་གཞུང་གུར་ས་གྲོང་ཚོའི་གྲོང་མི་པ་སངས་ཀྱིས་ཚོགས་ར་གཙོ་བོར་སྒྲོག་འགྲེལ་གལ་ཆེན་དེ་འདྲ་ཐེངས་དང་པོ་ཉན་སྐབས་སེམས་ཤུགས་དེ་བས་འཕེལ་བྱུང་།ཉེ་བའི་ལོ་ཤས་རིང་།ང་ཚོའི་ཁུལ་ཆུང་གི་འགྱུར་ལྡོག་ནི་དཔང་རྟགས་ཡག་ཤོས་ཤིག་རེད།མྱུར་སྐྱེལ་འཇོག་སྒམ་ཐོག་ཁང་གི་འོག་ཏུ་བཟོས་པ་དང་།རྒན་རྒོན་གྱི་ཟ་ཁང་སྒོ་འགྲམ་དུ་བཙུགས་པས།འཚོ་བ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ངོ་མཚར་ཆེ་བའི་སྒྲོག་འགྲེལ་ལས་ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་སྒོ་ཕྱེ་བ་དང་སེམས་འགུལ་ཆེན་པོ་ཐེབས་པ་དང་།ལོ་ལྔ་ཚན་བཅོ་ལྔ་པའི་རིང་འབད་འབུངས་ཡར་བརྩོན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་འགྲིལ་ཡོད།ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དང་།གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།འདུ་ཤེས་བཞི་ཟབ་ཏུ་གཏོང་བ།གདེང་ཚོད་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ།ལས་ཀའི་རྩ་དོན་ལྔ་མཐའ་འཁྱོངས་བྱེད་པ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་པ།དཀའ་སྤྱད་སྙིང་རུས་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་ལོ་ལྔ་ཚན་བཅུ་བཞི་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་པ།ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཧུར་ཐག་འཛུགས་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社