分享按钮

ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་མཛེས་ལྡན་གྲོང་ཁྱེར་བསྐྲུན། དངོས་སྒྲུབ་དང་འགན་འཁུར་པོས་དམངས་འཚོའི་བདེ་སྐྱིད་ཀྱི་འཆར་གཞི་བཀོད།

ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་སྒྲིལ་གླེང་། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། ཀྲའོ་ཧུའེ།

གྲོང་ཁྱེར་གྱི་མཛེས་སྡུག་ནི་ཕྱི་ཚུལ་ཙམ་མ་ཡིན་པར་དོན་དངོས་ལ་དེ་བས་ཐུག་པ་དང་།གྲོང་ཁྱེར་བཅོས་སྐྱོང་བྱ་རྒྱུ་དེ་ཕྱི་ཚུལ་ཙམ་མ་ཡིན་པར་དོན་དངོས་དང་དེ་བས་མཐུན་དགོས།2023ལོའི་ཟླ་11པ་ནས་བཟུང་།ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དང་།ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ།ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་།སྲིད་གཞུང་གིས་འགན་འཁུར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱིས་མཉམ་འགུལ།སྡེ་ཁག་གིས་མཉམ་ལས།མི་སྣ་ཡོངས་ཞུགས་པ། ཁྱོན་ཡོངས་ནས་བཅོས་སྒྲིག་བྱེད་པ་བཅས་ཀྱི་ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ།ལས་དོན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ།ཞིབ་ཕྲའི་གནད་དོན་ལ་དམིགས་པ།ཆུང་ཙག་ནས་མགོ་རྩོམ་པ།ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་པ་བཅས་བྱས་ཏེ་གྲོང་ཁྱེར་གྱི་བྱེད་ནུས་དང་སྤུས་ཚད་མཐོར་འདེགས་སུ་བཏང་བ་དང་།གསར་གཏོད་དང་།གནས་འཕྲོད། མཛེས་སྡུག མཉེན་གཤིས།ཤེས་དཔལ།བློ་རིག་བཅས་ལྡན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་བྱེད་བཞིན་ཡོད།

བཀོད་སྒྲིག་ཞིབ་ཚགས་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་གི་འཆར་གཞི་བཀོད་པ།

འབད་འབུངས་ཡར་བརྩོན་གྱིས་ལས་འགན་དང་དུ་བླངས།དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་མངོན།ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཙུའུ་ཀྲང་གནང་བ་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་རྒྱུན་ལས་ཙུའུ་ཀྲང་གཞོན་པ་གནང་བ།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཡིས་སྤྱི་ཁྱབ་སྣེ་ཁྲིད་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་གནང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་།གཤམ་འོག་ཏུ་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་8དང་།གྲོང་ཁྱེར་སྒྲིག་ཨུད་ཀྱིས་འགན་འཁུར་བའི་ལྟ་ཞིབ་སྒྲུབ་སྐུལ་ཚོགས་ཆུང་།གྲོང་ཨུད་དྲིལ་བསྒྲགས་པུས་འགན་འཁུར་བའི་དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་བཅས་བཙུགས་པ། རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་གྱིས་བབ་མཚུངས་ཐོག་འགོ་ཁྲིད་ཚོགས་ཆུང་བཙུགས་པ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ཏེ།ཁྱོན་ཡོངས་ཀྱི་ལྟ་བ་དང་རྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བ་དང་།ཚད་གཞི་མཐོན་པོ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ།སེམས་ཤུགས་གཅིག་སྒྲིལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེན་མོའི་འཐབ་ཇུས་དམ་འཛིན་བྱེད་པ་བཅས་ཀྱིས་དམངས་འཚོའི་བདེ་སྐྱིད་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

དམངས་ཀྱི་འདོད་དོན་དོན་ངོ་མ་ལག་ལེན་དུ་བསྟར་བ།ལས་དོན་སྤེལ་རིང་།ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པ་དང་དཔེ་སྟོན་སྐུལ་ཁྲིད་བྱས་ཏེ་སྔ་རྗེས་སུ་ལས་དོན་སྐུལ་འདེད་ཚོགས་འདུ་ཐེངས་མང་འཚོགས་པ་དང་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གཏིང་ཟབ་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་སྒྲིལ་གླེང་། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། ཀྲའོ་ཧུའེ། 6 6 拉萨日报藏文 c211926.html 1 ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་མཛེས་ལྡན་གྲོང་ཁྱེར་བསྐྲུན། དངོས་སྒྲུབ་དང་འགན་འཁུར་པོས་དམངས་འཚོའི་བདེ་སྐྱིད་ཀྱི་འཆར་གཞི་བཀོད། /enpproperty-->