分享按钮

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུར་ལྷ་སའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་གཞི་རིམ་དུ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད།ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་།ཟླ་11ཚེས་10ཉིན་གྱི་སྔ་དྲོ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་།ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སྟེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཁྲང་ལིན་གྱིས་སྒྲོག་འགྲེལ་སྙན་ཞུ་གནང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱལ་བ་རེད།

དེའི་ཉིན།ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་ཏེ་སྒྲོག་འགྲེལ་སྙན་ཞུར་ནན་ཏན་ངང་ཉན་པ་དང་།སྒྲོག་འགྲེལ་གྱི་ནང་དོན་ཟིན་བྲིས་ཞིབ་ཚགས་བཀོད་པས།ཡུལ་དངོས་སུ་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་ལ་ཚུར་སྣང་ལན་ཆ་བཟང་པོའང་བྱུང་ཡོད།

རྔ་ཆེན་ཁྲོམ་གཞུང་རྔ་ཆེན་སྡེ་ཁུལ་གྱི་ལས་དོན་པ་ཐུབ་བསྟན་ཆོས་སྒྲོན་གྱིས་སེམས་འགུལ་ཐེབས་པའི་ངང་དེ་རིང་བོད་ལྗོངས་མི་དམངས་ཚོགས་ཁང་གི་ཚོགས་ར་གཙོ་བོར་སྒྲོག་འགྲེལ་ཉན་སྐབས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་།སྒྲོག་འགྲེལ་ནང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཧ་ཅང་གསལ་པོར་བཤད་ཡོད།སྡེ་ཁུལ་བཅོས་སྐྱོང་དང་དམངས་འཚོ་འགན་ལེན་གང་ཞིག་ཡིན་རུང་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།སྒྲོག་འགྲེལ་ཉན་བཞིན་དུ་མདུན་ལམ་བཟང་པོ་ཡོད་པ་ཤེས་རྟོགས་ཐུབ་པར་མ་ཟད།སླད་ཕྱིན་གྲོང་པ་ཁྱིམ་མཚེས་ཚོར་ཞབས་འདེགས་ཇི་ལྟར་ཞུ་མིན་ཡང་དེ་བས་གསལ་པོར་ཤེས་བྱུང་ཞེས་བཤད།

རྒན་ཡོལ་ཞུས་པའི་ལས་བྱེད་པ་བཀྲ་ཤིས་ཀྱིས་དེ་རིང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ལྷ་སར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུར་ལྷ་སའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c211927.html 1 ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས། /enpproperty-->