分享按钮

བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ཡིག་རིས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་སྐབས་དྲུག་པ་ལྷ་སར་གཉེར་བ།

པར་འདི་ནི་སློབ་མས་འགྲེམས་ཁང་དུ་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་ལྟ་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་14ཉིན། ལང་ཚོས་ལོ་ངོ་60ཡི་ཕུགས་འདུན་བཏོད། རི་མོར་བརྟེན་ནས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཞེས་པའི་བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ཡིག་རིས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་སྐབས་དྲུག་པ་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་དུ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་གཉེར་འགན་ཁུར་བ་དང་། ས་ཁུལ(གྲོང་ཁྱེར)ཁག་གི་སྡེ་ཚོགས་ཨུ་ལྷན་དང་། མཐོ་སློབ་ཁག་གི་སྡེ་ཚོགས་ཨུ་ལྷན། དེ་བཞིན་ཆེད་ལས་མཐུན་ཚོགས་མང་པོས་གཉེར་རོགས་བྱས་པ་བཅས་ཡིན། འགྲེམས་སྟོན་ཆེན་པོས་ཡིག་རིས་གཞི་རྟེན་དུ་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ནས། དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་དང་ལང་ཚོའི་དཔའ་མཛངས་རྟུལ་ཕོད་ཀྱི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

འགོ་ཚུགས་མཛད་སྒོའི་ཐོག སྤྲོ་སེམས་འཁོལ་བའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ནས། བྱ་དགའ་སྣ་ཚོགས་རེ་རེ་བཞིན་ཡོངས་བསྒྲགས་བྱས་ཤིང་། ལྗོངས་ནང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་འཐུས་མིས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་དང་།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 6 6 拉萨日报藏文 c211925.html 1 བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ཡིག་རིས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་སྐབས་དྲུག་པ་ལྷ་སར་གཉེར་བ། /enpproperty-->