(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དེའི་ཡུན་རིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ། དམངས་ལ་ཁྲིད་སྟོན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་གནད་སྨིན་བཅོས་སྒྲིག་བྱེད་པ་བཅས་བྱས་ཏེ། ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་ལས་གྲོང་མི་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་པ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་དཀའ་གནད་སེལ་བ། གྲོང་ཁྱེར་གྱི་རྣམ་པའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བཅོས་སྒྲིག་ལས་དོན་དེ་གཅིག་སྡུད་རྣམ་པའི་གཙང་སེལ་ནས་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་ཉམས་མྱོང་ནུས་ལྡན་ཕྱོགས་བསྡོམས་བྱས་ཏེ། མི་ཚང་མས་དོ་ཁུར་དང་། མི་ཚང་མས་རྒྱབ་སྐྱོར། མི་ཚང་མ་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社