分享按钮

(པར་ངོས་གཉིས་པར་མཐུད)གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་གསལ་འགྲེལ་བྱས་ནས་བོད་དང་མཉམ་དུ་འཚར་ལོངས་ཡོང་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད།

ལྷ་སའི་འཕེལ་རྒྱས་ཚོགས་པའི་སྒྲོག་འགྲེལ་པ་ཝང་ཅིང་གིས།དེ་རིང་གི་བྱེད་སྒོ་ལས་ང་ཚོས་རང་ངོས་ཀྱི་ཁེ་ལས་འཛུགས་སྐྱོང་དང་འཕེལ་རྒྱས་ཁྲོད་ཀྱི་འགན་འཁྲི་དང་རིན་ཐང་གསལ་པོར་རྟོགས་བྱུང་། ཕྱིས་འབྱུང་། ང་ཚོས་སྤུས་ལེགས་ཀྱི་སྒྲོག་འགྲེལ་ནང་དོན་མུ་མཐུད་ནས་སྔོག་འདོན་གཏིང་ཟབ་བྱས་ཏེ་དཔེ་མཚོན་གསར་པ་དང་སྤྱོད་གོ་ཆོད་པའི་ཤེས་བྱ་གཞི་རིམ་གྱི་འཐབ་ས་མདུན་མར་ཁྱབ་བསྒྲགས་བྱས་ནས།ཁེ་ལས་འཚར་ལོངས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་བརྟན་པོ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱ་རྒྱུ་ཡིན་པ་དང་སྦྲགས། སྒྲོག་འགྲེལ་གྱི་ནང་དོན་དེ་བས་གསོན་ཉམས་དོད་པ་དང་མང་ཚོགས་ཀྱི་འཚོ་བ་དང་དེ་བས་ཉེ་བཅར་ཐུབ་པར་བྱ་རྒྱུ་ཡིན། དེ་བཞིན་སྒྲོག་འགྲེལ་བྱ་ཡུལ་རྒྱ་ཆེར་བཏང་ནས་སྒྲོག་འགྲེལ་དེ་བས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་ཕན་འབྲས་དེ་བས་ལེགས་པ་ཐོན་པར་བྱ་རྒྱུ་ཡིན་ཞེས་བཤད།

རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱ་ཆེད་བྱེད་སྒོས་ཁྱད་ལྡན་ལེ་ཚན་འཁྲབ་སྟོན་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ཞབས་བྲོ《ཆུ་གསུམ་སྒོར་གཞས》དང་། གྱེར་འདོན《ཏང་དར་འོག་གི་དམ་བཅའ། འབར་རླངས་ལས་མིས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ》ཞེས་པ་སོགས་ལེ་ཚན་རེས་མོས་སུ་འཁྲབ་སྟོན་བྱས་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། ཡུལ་དངོས་སུ་བཀོད་སྒྲིག་བྱས་པའི་འཕྲལ་མར་ལན་འདེབས་པའི་ལྷུ་ཚིགས་ལས་ཚང་མའི་སློབ་སྦྱོང་གི་སྤྲོ་སེམས་དང་དེའི་ནང་ཞུགས་པའི་ཧུར་སེམས་འཕེལ་ནས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་མི་སེམས་སུ་འཇགས་པ་དང་ཚོཊ་ཞུཊ་པས་སྒྲོག་འགྲེལ་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པར་བྱུང་ཡོད།

ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་སྐྱེད་ཚོགས་པ་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཀུང་སིའི་ཏང་ཚོགས་པུའི་པུའུ་ཀྲང་ཀྲོའུ་སི་ཡིས།ཁེ་ལས་ཀྱི་ལས་མི་ཞིག་ཡིན་པའི་ངོས་ནས། ཕྱིས་འབྱུང་གི་ལས་དོན་ཁྲོད་ང་ཚོས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཁེ་ལས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ།གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ལ་རང་ཉིད་ཀྱི་སྟོབས་ཤུཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211903.html 1 /enpproperty-->