分享按钮

ཞི་ཅིན་ཕིང་གིས་གཞོན་ནུའི་ཀྲུང་གོའི་རིག་གནས་རིག་པ་མཁས་ཅན་ལ་འཕྲིན་ལན་སྤྲིངས་གནང་བ།

(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས་ཀྲུང་གོའི་རིག་གནས་རིག་པ་ནི་ཀྲུང་གོ་ནས་བྱུང་བ་དང་འཛམ་གླིང་ལ་གཏོགས་པས།མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཞིག་ཡིན་ཞིང་། ཁྱེད་ཚོས་མུ་མཐུད་ནས་ཀྲུང་གོའི་རིག་གནས་རིག་པ་ཡག་པོ་སྦྱོང་བ་དང་། ཀྲུང་གོ་དང་མཉམ་དུ་ཞིབ་འཇུག་དང་འཆད་འགྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།འཛམ་གླིང་ལ་དངོས་ཡོད་དང་། ལངས་གཟུགས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ངོ་སྤྲོད་བྱེད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་ཡག་པོ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།

ཟླ་11ཚེས་14ནས་16ཉིན་བར། 2025ལོའི་འཛམ་གླིང་རྒྱ་ཡིག་ཚོགས་ཆེན་པེ་ཅིང་དུ་འཚོག་རྒྱུ་ཡིན་པས། ཉེ་དུས། གདན་ཞུས་ལྟར་ཚོགས་ཞུགས་རྒྱལ་ཁབ་51གི་གཞོན་ནུའི་ཀྲུང་གོའི་རིག་གནས་རིག་པ་མཁས་ཅན་61གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོར་ཞིབ་འཇུག་བྱེད་པའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་ཏེ།ཀྲུང་གོའི་ཤེས་བྱར་སྔར་བས་ཞིབ་འཇུག་ཡག་པོ་བྱེད་པ་དང་ཤེས་དཔལ་སྤེལ་རེས་ཀྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་བྱེད་པའི་འདུན་པ་མཚོན་པར་བྱས་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211900.html 1 ཞི་ཅིན་ཕིང་གིས་གཞོན་ནུའི་ཀྲུང་གོའི་རིག་གནས་རིག་པ་མཁས་ཅན་ལ་འཕྲིན་ལན་སྤྲིངས་གནང་བ། /enpproperty-->