分享按钮

བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པར་གྲུབ་འབྲས་ བཟང་པོ་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྐབས་36པའི་ཁྲང་ཁྲེང་སྙིང་ནད་རིག་པའི་ཚོགས་ཆེན་དང་ཨེ་ཤེ་ཡའི་སྙིང་ནད་ཚོགས་ཆེན་ཐོག་གཉེར་བའི་2025ལོའི་ཁྲང་ཁྲེང་བུམ་པའི་རྒྱལ་ཡོངས་ཀྱི་གྲུབ་ཆའི་སྙིང་རླུང་འགག་པའི་ནད་དཔེའི་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་ནང་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པས་ཕུག་ལམ་རིང་པོ་PFOདང་ས་མཐོའི་སྙིང་ནད་ཟླ་སྒྲིལ་བཏང་བའི་ནད་དཔེར་བརྟེན་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ཁྲང་ཁྲེང་འདུ་ཚོགས་དེ་ཨེ་ཤེ་ཡའི་སྙིང་ཁམས་སློབ་ཚོགས་ཀྱི་གཞུང་ཕྱོགས་ཚོགས་ཆེན་ཞིག་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་50ཡི་སྙིང་ཁམས་ཁྲག་རྩའི་ཁྱབ་ཁོངས་ཀྱི་འཐུས་མིའི་ཡིད་དབང་བཀུག་སྟེ་རིག་ཚན་གྱི་མདུན་ཕྱོགས་འཕེལ་རིམ་དང་གསར་གཏོད་ལག་རྩལ་ལ་མཉམ་དུ་གྲོས་བསྡུར་བྱས་ཡོད།

ད་ཐེངས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པ་འགྲན་བསྡུར་ནང་ཞུགས་པའི་ནད་དཔེ་ལས་ལྷན་སྐྱེས་རང་བཞིན་གྱི་བུ་གའི་དབྱིབས་མེད་པ་དང་ས་མཐོའི་རང་བཞིན་གྱི་སྙིང་ནད་སོགས་རྙོག་འཛིང་ཆེ་བའི་ནད་དཔེ་དེ་རིགས་འགོག་པའི་ཐབས་ཇུས་མངོན་པ་དང་། ལྟ་ཕྱོགས་དམིགས་བསལ་ཡིན་པ། བཀོལ་སྤྱོད་ཆེད་ལས་དང་ཚད་ལྡན་ཡིན་པ། ཞིབ་བརྗོད་ཀྱི་གཏན་ཚིགས་ཚགས་དམ་པ་བཅས་ཡོད་པས་དཔྱད་འདེམས་ཨུ་ཡོན་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།

འགྲན་ཞུགས་སྨན་པ་ཀྲའོ་ཉིང་གིས་ད་ཐེངས་བྱ་དགའ་ཐོབ་པ་དེའི་ཐོག་ནས་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པའི་ཆེད་ལས་ཀྱི་བྱང་ཚད་དང་ཁྱད་དུ་འཕགས་པའི་ལག་རྩལ་གང་ལེགས་མངོན་པ་དང་། ལྷན་སྐྱེས་སྙིང་ནད་དེ་སྨན་བཅོས་ནང་ཞུགས་པའི་ས་མཐོའི་ཇུས་གཞིར་རྒྱས་བཤད་ཞིབ་ཕྲ་བྱས་པ། ལྷན་སྐྱེས་སྙིང་ནད་སྨན་བཅོས་ལག་རྩལ་ཁྱབ་ཁོངས་ཀྱི་སྨན་ཁང་དེའི་མངོན་གསལ་དོད་པའི་གྲུབ་འབྲས་བཅས་མངོན་ཡོད། འབྱུང་འགྱུར་སྨན་བཅོས་ཚོགས་པས་མུ་མཐུད་དེ་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་བྱང་ཆུབ་པར་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་བཏང་སྟེ་རྒྱ་ཆེའི་ནད་པར་དེ་བས་སྤུས་ལེགས་དང་གནད་སྨིན་གྱི་སྨན་བཅོས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211896.html 1 བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཚོགས་པར་གྲུབ་འབྲས་ བཟང་པོ་ཐོབ་པ། /enpproperty-->