分享按钮

བསྡུས་འཕྲིན།

བོད་ལྗོངས་འགྲན་ཁུལ་གྱི་གསོ་རླུང་འཛོམས་པའི་ཚན་རྩལ་བུམ་པའི་ བྱ་སྒྲོའི་སྤོ་ལོའི་མཉམ་བསྲེས་ཚོགས་པའི་ཡོངས་བསྒྲགས་ འགྲན་བསྡུར་མཇུག་འགྲིལ་བ།

ཉེ་ཆར།བོད་ལྗོངས་འགྲན་ཁུལ་གྱི་གསོ་རླུང་འཛོམས་པའི་ཚན་རྩལ་བུམ་པའི་བྱ་སྒྲོའི་སྤོ་ལོའི་མཉམ་བསྲེས་ཚོགས་པའི་ཡོངས་བསྒྲགས་འགྲན་བསྡུར་མཇུག་འགྲིལ་ཞིང་།ད་ཐེངས་ཀྱི་འགྲན་བསྡུར་ནང་ལྗོངས་ཕྱི་ནང་གི་རུ་ཁག་24མཉམ་འཛོམས་འགྲན་རར་ཞུགས་རྒྱུའི་ཡིད་དབང་བཀུག་པའི་ནང་ཀྲེ་ཅང་དང་སི་ཁྲོན་གྱི་ས་གནས་གཉིས་ཀྱི་སྤོ་གྲོགས་ཚུད་ཡོད།

འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད།བོད་ལྗོངས་ཐེན་མ་བྱ་སྒྲོའི་སྤོ་ལོའི་ཚོགས་པའི་སྤྲོ་སྐྱིད་ཁང་གིས་སེམས་པ་གཅིག་མཐུན་གྱི་ཚོགས་པའི་མཉམ་ལས་དང་།ཞུམ་མེད་ཀྱི་ནུས་པ་འདོན་སྤེལ།དེ་བཞིན་རྩེར་སོན་གྱི་སྤོ་ལོའི་རྩལ་ནུས་བཅས་ལ་བརྟེན་ནས་མཉམ་བསྲེས་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།ཨང་རིམ་ལ་ཁྱད་པར་ཡོད་མོད།འོན་ཀྱང་འགྲན་བསྡུར་ནང་ཞུགས་མཁན་ཚང་མས་ནུས་ཤུགས་ཡོད་རྒུས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྙིང་རུས་ཆེན་པོས་བརྩོན་ལེན་དང་ནམ་ཡང་འདོར་མི་སྲིད་པའི་ལུས་རྩལ་གྱི་སྙིང་སྟོབས་ལ་གསལ་འགྲེལ་བྱས་ཏེ་འགྲན་བསྡུར་བདེ་བླག་ངང་མཇུག་འགྲིལ་བ་རེད།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ།བསྟན་འཛིན་མེ་ཏོག

(བུ་ཆུང་གིས་སྒྱུར་ཞུས་བྱས)

ཚེ་མཆོག་གླིང་གི་བོད་ཟས་དམངས་སྲོལ་བྱེད་སྒོས་ལྕེ་ཐོག་གི་ ལྷ་སའི་བྲོ་བ་བཏོད་པ།

ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་དུ་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཤིང་། སྲོལ་རྒྱུན་དང་ལུགས་གསར་པའི་བོད་ཟས་གཙོ་དོན་དུ་བྱས་པའི་བྱེད་སྒོ་ཞིག་སྤེལ་ཡོད། བྱེད་སྒོ་སྤེལ་རིང་བོད་ཟས་འགྲེམས་སྟོན་དང་རིག་རྩལ་འཁྲབ་སྟོན་དུས་གཅིག་ཏུ་སྤེལ་ནས་གྲོང་མི་དང་ཡུལ་སྐོར་བར་རྣམ་པ་གསར་རྐྱང་གི་ལྕེ་ཐོག་གི་ལྷ་སའི་བྲོ་བ་ཉམས་ལེན་ཐུབ་པར་བྱས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ས་མཐོའི་བཟའ་བཏུང་ཞིབ་འཇུག་པ་ཀརྨ་བདེ་ལེགས་ཀྱིས་འཚོ་བཅུད་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་ནས་འགོ་བཙུགས་ཏེ།བྱེད་སྒོ་སྤེལ་ཡུལ་གྱི་ལྟད་མོ་བར་བོད་ཟས་ཀྱི་ཤེས་བྱ་མཉམ་སྤྱོད་དང་བདེ་ཐང་གི་བཟའ་བཏུང་འདུ་ཤེས་དར་སྤེལ་བཏང་བས་བྱེད་སྒོར་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། དེ་རྗེས་བོད་ཟས་འགྲེམས་སྟོན་ཐོག་ཁྱད་ལྡན་གྱི་བོད་ཟས་སྣ་ཁ་བརྒྱ་ལྷག་ཙམ་རེ་རེ་བཞིན་བཤམས་པ་དང་། ཟས་མཆོག་དེ་དག་ནི་བྲོ་བ་ཞིམ་པའི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན་པར་མ་ཟད། ས་མཐོའི་མི་དམངས་ཀྱི་འཚོ་བ་དང་རང་བྱུང་ཁམས་ལ་གུས་ཞིང་བཀུར་བའི་བློ་གྲོས་ཀྱང་འདུས་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ད་ཐེངས་ཀྱི་བྱེད་སྒོས་བོད་བཟོའི་བཟའ་བཏུང་ལས་རིགས་གཉེར་མཁན་ལ་འགྲེམས་སྟོན་སྟེགས་བུ་མཁོ་འདོན་བྱས་ཡོད་ལ་མི་དེ་བས་མང་བས་ལྷ་སའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལའང་ཉམས་ལེན་ཐུབ་ཡོད།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མན་ཝུན་ཡན།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

ཞིང་འབྲོག་བཟའ་བཏུང་གི་བོད་ཟས་ཞིབ་འཇུག་ གསར་སྤེལ་པུའུ་བཙུགས་པ།

ཉེ་ཆར།ཞིང་འབྲོག་བཟའ་བཏུང་ཞབས་ཞུ་ཚད་ཡོད་ཀུང་སིའི་བོད་ཟས་ཞིབ་འཇུག་གསར་སྤེལ་པུའུ་དངོས་སུ་བཙུགས་ཤིང་།ཞིབ་འཇུག་གསར་སྤེལ་སྒྲིག་གཞི་དེ་བཙུཊ་པའི་དམིཊ་ཡུལ་ནི་མིག་སྔའི་བོད་ཟས་ལས་རིགས་ཚད་ལྡན་ཅན་མི་འདང་བ་དང་ཁྲོམ་རའི་བཀོད་སྒྲིག་རང་བཞིན་མཐོ་རུ་གཏོང་དགོས་པའི་ལྟེ་བའི་དཀའ་གནད་སེལ་བ་དང་།མ་ལག་ཅན་གྱི་ཞིབ་འཇུག་གསར་སྤེལ་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་བཟའ་བཏུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་བཏང་སྟེ་བོད་ཟས་ལ་ཁྲོམ་རའི་གསོན་ཤུཊ་དེ་བས་ཆེ་བ་འཕེལ་བར་བྱ་རྒྱུ་དེ་རེད།

ལྷ་ས་གྲོང་ཁྱེར་བོད་ཟས་བཟའ་བཏུང་མཐུན་ཚོགས་ཀྱི་ཚོགས་གཙོ་འཕྲིན་ལས་རྣམ་རྒྱལ་གྱིས་བོད་ཟས་ཞིབ་སྤེལ་པུའུ་བཙུགས་པ་ནི་བོད་ཟས་བཟའ་བཏུང་མཐུན་ཚོགས་ཀྱིས་ཁྱད་ལྡན་བཟའ་བཏུང་ཐོན་ལས་ཅན་འཕེལ་རྒྱས་ལ་དང་ལེན་བྱེད་པའི་ལག་ལེན་གལ་ཆེན་ཞིག་རེད་ཅེས་བཤད།ཁོང་གིས་འབྱུང་འགྱུར་ཞིབ་སྤེལ་པུས་མཐུན་ཚོགས་དང་ཆེད་ལས་སློབ་གླིང་དང་སྤེལ་རེས་མཉམ་ལས་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ་བཟའ་བཅའི་རྒྱུ་ཆའི་ཁུངས་འདེད་བརྟག་ཞིབ་བྱས་ནས་བོད་ཟས་ཀྱི་སྤུས་ཚད་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་།ཚལ་རིགས་ལས་བརྒལ་བའི་ལག་རྩལ་མཉམ་འདྲེས་འཚོལ་ཞིབ་བྱས་ཏེ་བོད་ཟས་གསར་གཏོད་ཁྲོད་རིག་གནས་ཀྱི་ནང་དོན་རྒྱུན་འཁྱོངས་ཐུབ་པར་བྱ་རྒྱུ།ཤེས་ལྡན་པ་གསོ་སྐྱོང་བྱེད་པར་བརྟེན་ནས་ལས་རིགས་ལ་ཆེད་ལས་ཀྱི་སྟོབས་ཤུགས་གསོག་འཇོག་བྱ་རྒྱུ་བཅས་ཡིན་ཞེས་བཤད།བོད་ཟས་ཞིབ་འཇུག་གསར་སྤེལ་པུའི་གྲུབ་འབྲས་དེ་ཞིང་འབྲོག་བཟའ་བཏུང་གི་ཚོང་ཁང་ཁག་ལ་དུས་གཅིག་ཏུ་སྤྱོད་རྒྱུ་ཡིན་ཞིང་།བྱ་ཐབས་དེས་བོད་ཟས་ལས་རིགས་ལ་ཞིབ་འཇུག་གསར་སྤེལ་དང་དོན་འཁྱོལ་ཟུང་འབྲེལ་གྱི་ལག་ལེན་མ་དཔེ་མཁོ་འདོན་ཐུབ་རྒྱུ་ཡིན་པར་མ་ཟད།བོད་ཟས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཁྲོད་རྒྱུན་མཐུད་ཁྱབ་གདལ་གཏོང་རྒྱུར་རམ་འདེགས་ཐུབ་ནས་ས་མཐོའི་ཟས་མཆོག་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་དངོས་འབྲེལ་སྐྱོད་ཐུབ་རྒྱུ་རེད།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ། མན་ཝུན་ཡན།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211895.html 1 བསྡུས་འཕྲིན། /enpproperty-->