分享按钮

ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ ཐེངས་བཞི་པའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་13ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སྙིང་པོ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་བླངས་པ་དང་། ལས་བྱེད་པ་དང་ལས་བཟོ་བ་ཡོངས་སྐུལ་སློང་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་འཇགས་པ་དང་རྩ་བ་ཚུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

ཚོགས་འདུའི་ཐོག ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་སྤྱི་པའི་དོ་དམ་རིག་པའི་མཐོ་རིམ་དགེ་རྒན་ལེའོ་ཁྲེང་དབྱིང་གདན་དྲངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ལོ་ལྔ་ཚན་བཅོ་ལྔ་པའི་དེང་རབས་ཅན་གྱི་འགན་འཁྲི་གསར་པ་བློ་ཁོག་ཆེན་པོས་འཁུར་ཞེས་པ་གཙོ་དོན་དུ་བྱས་ཏེ་ཆེད་དོན་ཟུར་ཁྲིད་གནང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པའི་དོན་སྙིང་གལ་ཆེན་དང་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་གྲོས་འགོའི་ནང་འབྱུང་འགྱུར་གྱི་འཆར་གཞི་འགོད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ལམ་སོགས་ཀྱི་ཐད་རྒྱས་བཤད་གཏིང་ཟབ་གནང་བ་རེད།

ཚོགས་འདུའི་ཐོག ལྟེ་གནས་ཀྱི་ཏང་ཙུའི་ཁོངས་མི་མགོན་པོ་དོན་གྲུབ་དང་། ཧོ་མན། ལིའུ་ཧའོ་པང་། ཀྲང་རུའེ་བཅས་ཀྱིས་སློབ་སྦྱོང་གི་གཙོ་དོན་ལ་དམིགས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཚོགས་འདུའི་ཐོག མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ནི་ཏང་གི་མགྲིན་ཚབ་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་ཞིག་ཡིན་ཞིང་། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་གཞི་ཚུགས་པ། མཉམ་འདྲེས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དྲིལ་བསྒྲགས་སྒྲོག་འགྲེལ་ཐད་མདུན་གྲལ་དུ་སྐྱོད་པ། མཉམ་འདྲེས་སྨྱན་སྦྱོར་གྱི་ལས་སྟེགས་ཡག་པོ་སྤྱོད་པ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་དང་ཕན་འབྲས་ཐོན་པའི་ཐད་ཚད་བརྒལ་ཡོང་བར་བྱེད་པ་དང་། སྦྱོང་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་མཉམ་འདྲེས་སྨྱན་སྦྱོར་གྱི་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་ཕན་འབྲས་དངོས་ལ་འགྱུར་བར་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིབ་ཕྲའི་ལས་དོན་ཁག་ནང་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།

ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ལག་རྩལ་དོ་དམ་པུའི་ཀྲུའུ་རེན་གཞོན་པ་ཝང་པིན་གྱིས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་རང་འགན་གཙང་སྒྲུབ་ཀྱིས་ལྷ་ས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཧོ་མན་གྱིས་ཕྱིས་འབྱུང་། ལྟེ་གནས་དེས་ཏང་ཡོན་ཡོངས་དང་ལས་བྱེད་པ་དང་ལས་བཟོ་བའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ང་ཚོས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལྷག་པར་དུ་ལྟེ་གནས་ཀྱི་སྨྱན་སྦྱོར་གསར་པ་དང་། ཚགས་པར། རླུང་འཕྲིན། བརྙན་འཕྲིན་སོགས་ལས་སྟེགས་ཁག་བེད་སྤྱོད་ཡག་པོ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ཕྱོགས་ཡོངས་ནས་དྲིལ་བསྒྲཊ་དང་གནས་འཕྲིན་སྤེལ་ནས་ལྷ་སའི་གཏམ་རྒྱུད་ཡག་པོ་བཤད་དེ་ལྷ་ས་གྲོང་ཁྱེར་གྱི་མཉམ་འདྲེས་སྨྱན་སྦྱོར་གྱི་ནུས་པ་དང་ཤུཊ་རྐྱེན་ཐེབས་ཤུཊ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 6 6 拉萨日报藏文 c211897.html 1 ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ ཐེངས་བཞི་པའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ། /enpproperty-->