ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འབད་འབུངས་དངོས་སྒྲུབ་ཀྱིས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བའི་གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་200ལྷག་ཙམ་མཉམ་དུ་འཛོམས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་རིག་གནས་འགྲེམས་སྟོན་བྱས་པའི་བརྒྱུད་རིམ་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
བྱེད་སྒོའི་ཐོག རིཊ་པའི་གཞུང་ལུཊ་ཀྱི་སྒྲོག་འགྲེལ་ལྟེ་བར་བྱས་ཤིང་།ལྷ་སའི་འཕེལ་རྒྱས་ཚོཊ་པ་དང་། ས་གཙང་ཚོཊ་པ། མཐོ་གསར་མ་རྐང་ཚོད་འཛིན་ཚོཊ་པ་བཅས་ཁེ་ལས་གསུམ་གྱི་སྒྲོག་འགྲེལ་པས་བོད་ཀྱི་དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུ་བྱུང་བའི་མི་ཡུལ་གྱི་ངོ་མཚར་ལ་དམིཊ་ནས་ཁེ་ལས་ཀྱི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ། ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཀྱི་གཞུང་ཁོངས་རྒྱུ་ནོར་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社