ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་རོཊ་སྐྱོབ་ཀྱི་དམིཊ་འཛུཊ་ཞབས་ཞུའི་སྒྲིག་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཊ་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་པས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་བུད་མེད་དང་བུ་བཙའ་བྱིས་པའི་སྨན་ཁང་། ལྷ་སའི་ཧེང་ཏ་སྨན་ཁང་། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུའི་ལྟེ་གནས་བཅས་སྒྲིག་གཞི་4ལ་སྒོ་བྱང་སྤྲད་པ་དང་། དེའི་ཐོག་ནས་བོད་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་དྲག་སྐྱེད་རོཊ་སྐྱོབ་ལས་དོན་དེ་ཚད་ལྡན་ཅན་གྱི་དུས་མཚམས་གསར་པར་སླེབས་པ་དང་། ས་གནས་དེ་གའི་དབང་པོ་སྐྱོན་ཅན་བྱིས་པའི་དྲག་སྐྱེད་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་ཡོད།
ཁག་དང་པོའི་རིམ་པ་བཞིན་གདམ་གསེས་བྱས་པའི་གནས་གཏན་འཁེལ་གྱི་ཞབས་ཞུའི་སྒྲིག་གཞི་ཡིན་པའི་སྒྲིག་གཞི་4ཡིས་དབང་པོ་སྐྱོན་ཅན་བྱིས་པར་ཆེད་ལས་ཀྱི་བདེ་ཐང་སླར་གསོའི་ཞབས་ཞུ་བསྒྲུབ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་གིས་རོགས་སྐྱོབ་ཀྱི་ཁ་གསབ་ལོངས་སུ་སྤྱོད་ཆོག་གི་ཡོད། ལྷ་སའི་ཧེང་ཏ་སྨན་ཁང་གི་ཡོན་ཀྲང་ཏུའུ་ཁྲང་ཅེ་ཡིས། དེ་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ལྕི་པོ་ཞིག་ཀྱང་ཡིན། སྨན་ཁང་གི་ལྟེ་བའི་ཞབས་ཞུའི་ཁོངས་སུ་ཁེར་རྐྱང་ནད་ཀྱི་རྒྱུད་རིས་འགོག་རྐྱེན་དང་། རིག་སྟོབས་ཞན་པ། རྐང་ལག་སྐྱོན་ཅན་བཅས་རིགས་གསུམ་གྱི་བྱིས་པའི་བདེ་ཐང་སླར་གསོའི་དགོས་མཁོ་ཚུད་ཡོད། འབྱུང་འགྱུར་རོགས་སྐྱོབ་རྣམ་གྲངས་ལ་བརྟེན་ནས་ཞབས་ཞུའི་སྤུས་ཚད་དམའ་རུ་གཏན་ནས་མི་གཏོང་བར་སྲིད་ཇུས་གཞིར་བཟུང་ཞབས་ཞུ་ཚད་ལྡན་དང་ཁ་གསལ་གྲོན་བསྡུ་ནན་པོ་བྱ་རྒྱུ་ཡིན་ཞེས་བཤད། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དྲག་སྐྱེད་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ལིའུ་ཅ་ཡིས། མིག་སྔར་སྨན་ཁང་གིས་རྐང་ལག་དང་། སྐད་ཆ། དབང་རྩའི་དྲག་སྐྱེད་བཅས་གཙོ་བོར་བྱེད་པ་དང་། སྒོ་བྱང་བཀལ་རྗེས་སྨན་བཅོས་རྣམ་གྲངས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས། ཆུ་བཅོས་དང་དམིཊ་བསལ་སློབ་གསོའི་སློབ་ཚན་ཁྲིད་དེ་དེ་བས་ཆ་ཚང་བའི་བྱ་ཐབས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་བྱིས་པར་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་གནས་གཏན་འཁེལ་གྱི་ཞབས་ཞུའི་སྒྲིག་གཞི་བཙུགས་པ་དེས་བོད་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་ཁྱིམ་ཚང་མང་པོ་ཞིག་ཡུལ་གཞན་དུ་དྲག་སྐྱེད་ཡོང་བའི་དཀའ་ངལ་བསལ་ཡོད། དེའི་གོང་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཐག་རིང་གི་ལྗོངས་ཕྱིར་བསྐྱོད་ནས་ཕྲུ་གུར་སྨན་བཅོས་བྱེད་དགོས་པས། སྨན་རིན་མཐོ་བ་དང་། ལྟ་རྟོག་བྱེད་དཀའ་བ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད། ད་ཆ། སྒོ་འགྲམ་གྱི་ཆེད་ལས་སྒྲིག་གཞི་དང་ལེ་ལག་ཚང་བའི་རོགས་སྐྱོབ་སྲིད་ཇུས་ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་དང་འཚོ་བའི་ཁུར་པོ་ཡང་དུ་བཏང་ནས། ཕྲུ་གུ་ཚོས་རྒྱུས་མངའ་ཆེ་བའི་ཁོར་ཡུག་ཁྲོད་ཐོག་མའི་སྨན་བཅོས་དང་ལེན་བྱེད་ཐུབ་ཀྱི་ཡོད། ཁྱིམ་བདག་ནོར་འཛིན་གཡུ་སྒྲོན་གྱིས། ཕྲུ་གུ་སྒྲིག་གཞིའི་ནང་ནས་གཟའ་འཁོར་གཅིག་ལ་ཐེངས་ལྔ་ནས་དྲུག་བར་དྲག་སྐྱེད་ཡོང་གི་ཡོད་པ་དང་། སྐད་ཆ་ཤོད་མི་ཤེས་པ་ནས་སྟབས་བདེའི་ཐ་སྙད་ཤོད་ཐུབ་པའི་བར་འགྱུར་ལྡོག་བྱུང་བས། ཕྲུ་གུའི་འབྱུང་འགྱུར་ལ་དེ་བས་ཡིད་ཆེས་ཡོད་ཅེས་བཤད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དབང་པོ་སྐྱོན་ཅན་གྱི་བྱིས་པ་འཚར་ལོངས་ཡོང་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད། 2019ལོར་འབྲེལ་ཡོད་རོགས་སྐྱོབ་ལམ་ལུགས་བཏོན་པ་དང་། ཉེ་དུས་ད་དུང་སློབ་གསོ་ཐིང་དང་དམངས་སྲིད་ཐིང་སོགས་སྡེ་ཚན་དྲུག་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ལག་བསྟར་ཞིབ་སྲོལ》ལ་བཟོ་བཅོས་བརྒྱབ་པ་དང་། འབྱུང་འགྱུར་རོགས་སྐྱོབ་ལས་དོན་གྱི་ཚད་གཞི་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཐད་གནང་བའི་བཀོད་སྒྲིག་གསར་པ་དོན་འཁྱོལ་བྱ་རྒྱུ་རེད།
རྗེས་མར་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྡེ་ཚན་མང་པོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། བདེ་ཐང་སླར་གསོ་དང་། སློབ་གསོ། སྨན་བཅོས་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་བཀག་ལྟར་འཚམས་འདྲི་དང་འགུལ་རྣམ་དཔྱད་དཔོག་བརྒྱུད་གནས་གཏན་འཁེལ་གྱི་སྒྲིག་གཞིར་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ཐེ་གཏོགས། སྔ་ཙམ་ནས་དྲག་སྐྱེད་བཅས་ཀྱི་འདུ་ཤེས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་གནས་གཏན་འཁེལ་གྱི་ཞབས་ཞུའི་སྒྲིག་གཞི་ཁག་གིས་བྱིས་པ་གཅིག་དྲག་སྐྱེད་བྱུང་ན་ཁྱིམ་ཚང་གཅིག་བདེ་སྐྱིད་ཡོང་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ནས། ཞབས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་བྱིས་པ་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བཅས་བྱས་ཏེ། སྲིད་ཇུས་ཀྱི་དྲོ་སྐྱིད་རོགས་རམ་མཁོ་བའི་ཁྱིམ་ཚང་ཚང་མར་ཁྱབ་པར་བྱ་རྒྱུ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社