分享按钮

ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་བ་དང་ཞབས་ཞུར་དྲོད་ཚད་ལྡན་པ།

ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་དོན་ལ་ཕན་འབྲས་ཐོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་13ཉིན། ལྷ་ས་གྲོང་ཁྱེར་གྱི་2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་ཅུས་ཀྱིས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། གཞུང་འཁྱོང་གསར་འབྱེད་མཐའ་འཁྱོངས་བྱེད་པ། མཐོ་བ་ལྔའི་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། “4+4+1”གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་བརྒྱུད་སྤུས་ཚད་མཐོ་བའི་ཞབས་ཞུ་དང་ནུས་ཆེའི་ལྟ་སྐུལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་རབ་དང་རིམ་པ་ཐོན་ཡོད།

དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོར་དམིགས་ནས་རེ་ཞུ་བྱས་པའི་རྣམ་གྲངས་6གི་ཚད་གཞིར་ཞིབ་དཔྱད་བྱས་པ་རེད། ཁེ་ལས་56གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་ཁེ་ལས་ཀྱི་མིང་གཞུང་ནང་བཅུག་ཅིང་། རིན་ཐང་སྒོར་ཁྲི་183ལྷག་ཙམ་རི་བའི་དབང་ཆར་བཙན་གནོད་དང་། རྫུན་ལྷད་ཞན་གསུམ། དུས་ཚོད་ཡོལ་བའི་ཚོང་ཟོག་བཅས་གཅིག་སྡུད་ཐོག་མེད་པར་བཟོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ཀྱིས་གྱོད་གཞི་510ཐག་གཅོད་བྱས་པར་དངུལ་ཆད་སྒོར་ཁྲི་104.5བཏང་ཡོད། 12315བརྒྱུད་ཐེར་འདོན་གོང་ཞུ་བྱས་པའི་གྱོད་གཞི་9511བདག་སྤྲོད་བྱས་པ་དང་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་193.6མི་ཕོག་པར་བྱས་ཡོད།

གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲོམ་རའི་འཇུག་འཐུས་ལེགས་སུ་བཏང་ནས་དྲ་གཅིག་ཀུན་སྒྲུབ་ཀྱི་ལས་སྟེགས་བཏོད་དེ་ཁེ་ལས་གཉེར་བར་ཉིན་1ནང་གཉེར་ཚར་བ་དང་ཁེ་ལས་གཉེར་བར་དོན་དག་གཅིག་གིས་འཐུས་པས་འགྲོ་ལུགས་གཉེར་བའི་ཐོ་འགོད་4529ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་བརྒྱ་ཆ་86བཟུང་ཡོད། རྫོང(ཆུས)7གྱིས་Deepseekདཔེ་དབྱིབས་ཆེན་པོར་བརྟེན་ནས་ལས་སྒོ་5445བསྒྲུབས་པ་དང་། སྒེར་གཉེར་ཚོང་དུད་88ལ་རོགས་སྐྱོར་བྱས་ནས་ཁེ་ལས་ཆུང་གྲས་དང་སྒེར་གཉེར་ཚོང་དུད་ལ་དངུལ་བུན་སྒོར་དུང་ཕྱུར་25.58གཡར་ཡོད། སྡེ་ཚན་ལས་བརྒལ་ནས་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱེད་སྐབས་གཙོ་གནད་ཁྱབ་ཁོངས་15ལ་དམིགས་ཏེ་དོན་ཚན་198ཁ་གསལ་བཟོས་པ་དང་། སྐབས་བསྟུན་གཉིས་ཀྱི་ཞིབ་བཤེར་ཐེངས་20བྱས་ཡོད། ཁེ་ལས་ཀྱི་ལོ་རེའི་སྙན་ཞུ་འབུལ་ཚད་བརྒྱ་ཆ་96.02ཟིན་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རིག་ནུས་ཅན་གྱི་ཞིབ་བཤེར་མ་ལག་སྤྱད་དེ་སྲིད་ཇུས་དང་བྱ་ཐབས་ཡིག་ཆ་246ལ་ཞིབ་བཤེར་བྱས་པ་དང་། བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་138བཏོན་ཡོད། སྲིད་འཛིན་ཆད་གཅོད་གྱོད་དོན་89ལ་དཔྱད་བསྡུར་དང་ཞིབ་བཤེར་བྱས་ཏེ། ཁྲིམས་ལུགས་ཞིབ་བཤེར་ཁྱོན་ཡོངས་ལ་ཁྱབ་པ་དང་། གྱོད་གཞི་ཡོངས་བསྒྲགས་བྱེད་ཚད་བརྒྱ་ཆ་100ཟིན་ཡོད།

གཞན་ཡང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས་སྤུས་ཚད་མཁོ་སྤྲོད་ཐད་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། འདམ་གཞུང་འབྲི་གཡག་ས་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་དེ་ལྗོངས་ཡོངས་ཀྱི་ཁྲོད་ནས་རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེ་དང་པོར་གྱུར་ཡོད། ལྗོངས་ཡོངས་སུ་རྩམ་པ་དང་མར་སོགས་ས་གནས་དེ་གའི་ཁྱད་ལྡན་བཟའ་བཅའི་བརྟན་པོའི་རང་བཞིན་གྱི་ཚོད་ལྟ་སྔོན་ལ་བྱས་ཡོད། སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་གྱི་ཚོད་ལྟ་བྱས་ནས་ཁེ་ལས་ལ་ལྗོངས་ཡོངས་ཀྱི་གྲངས་གཞིའི་ཤེས་བྱའི་བདག་དབང་ཐོ་འགོད་ལག་ཁྱེར་ཐོག་མ་རག་རྒྱུར་སྐུལ་འདེད་བཏང་བ་དང་། གཟི་ཕུག་འབྲི་གཡག་དང་ལྷ་སའི་བྱ་དེ་དཀར་པོ་ནི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ལ་གཏན་འཁེལ་བྱས་ཡོད། ཁེ་ལས་5ལ་དོ་དམ་མ་ལག་གི་ཁས་ལེན་ལག་ཁྱེར་15རག་རྒྱུར་རམ་འདེགས་བྱས་པ་དང་། ཚད་འཇལ་གཡོ་ལས་ཀྱི་ཁྲིམས་འགལ་གྱོད་གཞི་6ཞིབ་བཤེར་ཐག་གཅོད་བྱས་པར་སྒོར་ཁྲི་1.2གཞུང་བཞེས་བཏང་བ་དང་། རྒྱ་མ་རྫུན་མ་6མེད་པར་བཟོས་ཡོད། དྲ་ཐོག་དང་དྲ་ཕྱིའི་བརྡ་ཁྱབ་ལ་ལྟ་ཞིབ་ཚད་ལེན་ཐེངས་ཁྲི་6.9བྱས་ནས་ཁྲིམས་འགལ་བརྡ་ཁྱབ་36སྤྲོད་མཚམས་འཇོག་དགོས་པའི་བཀའ་བཏང་བ་དང་འབྲེལ་གྱོད་དོན་ཐོ་འགོད་ཀྱི་ཆད་པ་1བཅད་པར་ཆད་དངུལ་སྒོར་ཁྲི་7.8བཏང་ཡོད།

ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན་ཞིང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-15 ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་བ་དང་ཞབས་ཞུར་དྲོད་ཚད་ལྡན་པ། 6 6 拉萨日报藏文 c211893.html 1 ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་དོན་ལ་ཕན་འབྲས་ཐོན་པ། /enpproperty-->