ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་འགན་བཅོལ་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཟླ་11ཚེས་11ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས(སྨན་བཅོས་འགན་བཅོལ་ཅུས)ཀྱིས་སྒྲུབ་འགན་འཁུར་བའི་ལྷ་ས་གྲོང་ཁྱེར་གྱི་2025ལོའི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དེ་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དུ་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་དེས་ཀྲུང་གོའི་སྨན་བཅོས་འགན་བཅོལ་གྱིས་ཚེ་གང་འགན་སྲུང་བྱེད་ཅེས་པ་གཙོ་དོན་དུ་བྱས་ཡོད།
འགོ་ཚུགས་མཛད་སྒོའི་ཐོག་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་།སྒྲོག་འགྲེལ་པས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཡུལ་དངོས་ཀྱི་མང་ཚོགས་ལ་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བ་དང་ཐོབ་ཐང་འགན་ལེན་སོགས་ཀྱི་འགག་རྩའི་ནང་དོན་གསལ་འགྲེལ་བྱས་པ་རེད། དེ་རྗེས་རིག་རྩལ་འཁྲབ་སྟོན་དང་བདེ་ཐང་གི་འོས་འགན་སྨན་བཅོས་བྱེད་སྒོ་མཉམ་དུ་སྤེལ་ཡོད། སྤྲོ་སེམས་འཁོལ་བའི་གླུ་གར་འཁྲབ་སྟོན་ལ་ཡུལ་དངོས་ཀྱི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་འབྲེལ་བ་བྱས་པའི་སྨན་བཅོས་སྒྲིག་གཞིའི་འོས་འགན་སྨན་བཅོས་ཚོགས་པས་ཞིང་འབྲོག་པར་རིན་མེད་ཀྱི་སྨན་བཅོས་དང་བདེ་ཐང་ཐད་ཀྱི་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་བསྒྲུབས་ཏེ་མང་ཚོགས་ཀྱི་སྒོ་རྩར་སྟབས་བདེ་བསྐྲུན་ཡོད།
མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གི་ཡུལ་མི་ཟླ་བས་དེ་རིང་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ང་ཚོའི་ཤང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་དྲིལ་བསྒྲཊ་བྱེད་པར་སླེབས་བྱུང་། སྲིད་ཇུས་དྲིལ་བསྒྲགས་བྱས་པས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་། ང་ཚོའི་གྲོང་ཚོར་ལོ་ལྟར་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་བརྒྱ་ཟིན་པ་དང་གྲོང་ཚོ་ཡོངས་འགན་བཅོལ་ནང་ཞུཊ་རྒྱུར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་རིམ་གསུམ་བརྟག་ཞིབ་པ་ཚེ་རིང་རྡོ་རྗེས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་དམངས་ཕན་གྱི་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་དོན་འཁྱོལ་ཐུབ་པར་བྱ་རྒྱུ་དེ་ཡིན། སྲིད་ཇུས་སྒྲོག་འགྲེལ་དང་འགྲེལ་བཤད་བརྒྱབ་པ་བརྒྱུད་མང་ཚོགས་ཀྱིས་མི་ཤེས་པ་དང་རྒྱུད་མངའ་མེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། དཔེ་མཚོན་དྲིལ་བསྒྲཊ་བྱས་པ་བརྒྱུད་མང་ཚོཊ་ཀྱིས་ཡིད་ཆེས་མི་བྱེད་པ་དང་ཧུར་བརྩོན་མེད་པའི་གནད་དོན་ཐག་གཅོད་བྱས་ཡོད། དེ་བཞིན་སྟབས་བདེའི་ངང་འགན་བཅོལ་ནང་ཞུཊ་པའི་ཞབས་ཞུ་བརྒྱུད་མང་ཚོཊ་ལ་སྟབས་བདེ་མེད་པ་དང་སྒྲུབ་འདོད་མེད་པའི་གནད་དོན་ཐག་གཅོད་བྱས་ཡོད། ང་ཚོས་རྒྱ་ཆེའི་གྲོང་མི་ཚོས་ཤེས་རྟོཊ་ཧུར་ཐག་དང་རང་འགུལ་ངང་འགན་བཅོལ་ནང་ཞུཊ་ཏེ་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་ལྷ་སའི་སྤྱི་ཚོཊ་འགན་སྲུང་དྲ་བ་བརྟན་པོ་བསྐྲུན་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོ་འཚོགས་པ་དེའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་2025ལོའི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་སྡུད་དྲིལ་བསྒྲགས་ཟླ་བ་དངོས་སུ་འགོ་ཚུགས་པ་མཚོན་ཡོད། ཕྱིས་འབྱུང་། གྲོང་ཁྱེར་ཡོངས་ཀྱིས་རྣམ་པ་མང་བ་དང་ཁྱབ་རྒྱ་ཆེ་བའི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་རང་འགུལ་ངང་འགན་བཅོལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། དམངས་འཚོའི་འགན་ལེན་གྱི་མཐའ་ཚད་ལ་འགན་ལེན་བཅས་བྱ་རྒྱུ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社