分享按钮

མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར།

(པར་ངོས་དང་པོར་མཐུད)ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་སྡེ་ཁུལ་ལས་དོན་པ་དང་གྲོང་མི་ཚོར་ལྕག་སྐུལ་ཟབ་མོ་ཐེབས་ནས། གཅིག་རྗེས་གཉིས་མཐུད་ངང་རང་ངོས་ཀྱི་ལས་དོན་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བསམ་ཚུལ་དང་བྱ་སྤྱོད་ལྷུག་པོར་གླེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཡོད།

དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་ལས་དོན་པ་ཝུའེ་ལི་ལིས། སྡེ་ཁུལ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། གསང་ཡིབ་སྡེ་ཁུལ་གྱི་སྤུ་གུས་དྲིལ་བསྒྲགས་ཟ་ཁང་དང་དང་བླངས་ཞབས་ཞུའི་རུ་ཁག་གཞི་རྟེན་དུ་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་འཁུར་ཕོད་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་བཤད།

དེ་དང་འདྲ་བར་གཞི་རིམ་དུ་གཞིས་ཆགས་པའི་དར་རྒྱས་སྡེ་ཁུལ་གྱི་ལས་དོན་པ་གཡང་འཛོམས་ཀྱིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ལས་དོན་དེ་བས་ལེགས་པའི་སྒོ་ནས་རྒྱུན་གཏན་གྱི་ལས་དོན་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ནས། སྡེ་ཁུལ་དེ་བས་མཛེས་པ་དང་གྲོང་མི་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

གཡང་འཛོམས་ཀྱིས། ང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཐེབས་པའི་མྱོང་ཚོར་ཟབ་མོ་བྱུང་། ལས་དོན་ཁྲོད་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱས་ཏེ། གྲོང་མིའི་བདེ་སྡུག་དུས་ཐོག་ཏུ་ཤེས་རྟོཊ་དང་འགལ་ཟླ་དང་རྩོད་གཞི་བསལ་ནས། སྡེ་ཁུལ་གྱི་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཆེད་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ལོ་ངོ་དྲུག་ཅུའི་རིང་འབད་འབུངས་ཡར་བརྩོན་བྱས་ནས་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས། བརྒྱུད་མྱོང་མཁན་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད། དར་རྒྱས་སྡེ་ཁུལ་དུ་གནས་པའི་ནག་ཆུའི་ལྷ་སར་བཅའ་སྡོད་ཀྲི་པུའུ་བཅུ་བདུན་པའི་ཏང་ཡོན་རྒན་གྲས་བུ་ཆུང་གིས་བོད་ལྗོངས་འདི་ཉིད་རྗེས་ལུས་ནས་ཡར་ཐོན་དང་དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་སྐྱོད་པའི་བརྒྱུད་རིམ་ཧྲིལ་པོར་དཔང་པོ་བྱས་ཡོད། ཕྱིན་ཟིན་པའི་ལམ་བུར་དྲན་གསོ་བྱེད་སྐབས། ཁོང་གི་སྐད་ཆའི་ནང་དྲིན་ཚོར་དང་སྤོབས་སེམས་ཀྱིས་ཁེངས་ཡོད།

བུ་ཆུང་གིས། ལོ་ངོ་60ཡི་རིང་། བོད་ཡོངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་། འགྲོ་ལམ་འགྲིམ་འགྲུལ། ནུས་རྒྱུ་སྣ་ཚོགས་གསར་སྤེལ་དང་བེད་སྤྱོད་སོགས་ཀྱི་ཐད་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

སྡེ་ཁུལ་གྱི་སྒོ་རའི་སྙིང་ཉེ་བའི་ཞབས་ཞུ་ནས་གྲོང་ཁྱེར་ཁྲོམ་གཞུང་གི་སྒྱུར་བཀོད་རིམ་སྤོར་བར་དང་། སྡེ་ཁུལ་གྱི་ལས་དོན་པའི་བརྟན་སྲུང་ནས་ཏང་ཡོན་རྒན་གྲས་ཀྱི་རང་ནུས་ཡོད་རྒུ་འདོན་པའི་བར་སོགས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་ཁྲོད་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ལག་གདང་སྦྲེལ་ནས་རྩོམ་བཞིན་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-01 6 6 拉萨日报藏文 c211022.html 1 མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར། /enpproperty-->