分享按钮

ཤའོ་ཡིའུ་ཚའེ་ཡིས་ཆུ་ཤུར་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་ཀྱང་གནང་བ།

(པར་ངོས་དང་པོར་མཐུད)དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་།ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་པ།གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞན་སྒྱུར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཏིང་ཁྲེང་དང་། ཝང་ཧུའེ།ཀྲང་ཁྲུན་དབྱང་བཅས་བརྟག་ཞིབ་ལ་ཞུགས་པ་རེད།

ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭའི་དུས་ཐེངས་གཉིས་པའི་བཟོ་ཁུལ་དུ་ཕེབས་ནས་ཤའོ་ཡིའུ་ཚའེ་ཡིས་འཁོར་རྒྱུག་གི་བརྒྱུད་རིམ་དང་ཐག་གཅོད་བཟོ་རྩལ་ལ་གཟིགས་ཞིབ་གནང་སྟེ།ཐོན་ཁུངས་བེད་སྤྱོད་དང་གཉེར་སྐྱོང་གི་ཕན་འབྲས་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་གཏོང་བ་ནི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཀྱི་ལག་ལེན་གལ་ཆེན་ཞིག་རེད།འབྱུང་ཁམས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་བསྲུངས་ནས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་འབྲེལ་ཐག་ཧྲིལ་པོའི་བཟོ་རྩལ་བརྒྱུད་རིམ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་།ཐོན་ཁུངས་ཅན་གྱི་བེད་སྤྱོད་ཆུ་ཚད་མཐོ་རུ་བཏང་ནས་འབྱུང་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

བདེ་སྐྱིད་གྲོང་ཚོའི་གནས་སྤོས་ལས་གྲྭ་ནི་2025ལོའི་ལྷ་ས་གྲོང་ཁྱེར་གྱི་དམངས་འཚོའི་བྱ་བ་དངོས་20ཡི་གྲས་ཤིག་རེད།ཤའོ་ཡིའུ་ཚའེ་ལས་གྲྭའི་ལས་ཡུལ་དངོས་སུ་ཕེབས་ནས་ལས་གྲྭའི་འཆར་འགོད་དང་འཛུགས་སྐྲུན་གྱི་འཕེལ་རིམ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ།མང་ཚོགས་ཀྱི་བཀོད་སྒྲིག་ཁང་པར་གཟིགས་སྐོར་ཡང་གནང་བ་རེད།ཁོང་གིས་བསྟན་དོན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལོ་ལྔ་ཚན་བཅོ་ལྔ་པའི་རིང་།དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་བཏོན་པའི་ནང་གཅིག་ནི་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དེ་རེད།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ནུས་ཤུགས་གང་ཡོད་འདོན་པ་དང་།འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱེད་པ།སེམས་ནུས་ཡོད་རྒུ་བཏོན་ནས་འཕྲལ་མཁོ་དང་།དཀའ་ངལ། སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས། གནས་འཕྲོད་ལ་འཚམ་པ་དང་།ལས་ཞུགས་ལ་འཚམ་པ།མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གཏན་འཁེལ་བྱས་ཏེ།རྨང་གཞིའི་སྒྲིག་བཀོད་ཆ་ལག་ཚང་བ་དང་།སྔོ་ལྗང་ཅན་དུ་འགྱུར་བ།ཁྱད་ལྡན་ཐོན་ལས་ཀྱི་བཀོད་པ་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ཐོག་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ལས་གྲྭ་ནུས་ཤུགས་ཡོད་རྒུས་གཏོད་དགོས།སྤུས་ཚད་ཀྱི་འགག་སྒོ་ནན་པོར་སྲུང་བ་དང་།ཨར་ལས་སྒྲིག་འཛུགས་སྔར་བས་ལེགས་སུ་གཏོང་བ།ཨར་ལས་ཀྱི་མྱུར་ཚད་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་གང་མགྱོགས་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།

སྟོན་ཁའི་ཟས་ཕུ་ལུང་ཤུར་དུ་ཚོན་མདོག་བཀྲ་བའི་ནགས་ཚལ་གྱིས་བརྒྱན་ནས་ཆེས་མཚར་སྡུག་ལྡན་པའི་དུས་ཚིགས་བསུས་ཤིང་།ཤའོ་ཡིའུ་ཚའེ་ཡིས་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་ནས་མཛེས་ལྗོངས་ཁུལ་གྱི་འཆར་འགོད་དང་།ལམ་ཐིག་གཏོད་པ།གཉེར་སྐྱོང་དོ་དམ་སོགས་ཀྱི་གནས་ཚུལ་སྐོར་ནན་ཏན་ངང་གསན་པ་རེད།ཁོང་གིས་བསྟན་དོན།རིག་གནས་ཡུལ་སྐོར་ཐོན་ལས་ནི་རང་གྲོང་གི་གཙོ་ཁྲིད་ཐོན་ལས་ཤིག་དང་ས་མཐོའི་ཁྱད་ཆོས་ལྡན་པའི་ལེགས་ལྡན་ཐོན་ལས་ཤིག་རེད།ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།ཁྱད་པར་ཅན་དང་ཁྱད་ལྡན་ཅན་མངོན་གསལ་དོད་པོ་ཡོང་བར་བྱེད་པ།འཆར་འགོད་སྔོན་ལ་ལག་བསྟར་དང་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ།

རིག་གནས་ཀྱི་ནང་དོན་ལྡན་པ་དང་།གསར་གཏོད་ཀྱི་རྣམ་པ་ལྡན་པ།ཁྲོམ་རའི་མདུན་ལམ་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་གང་མགྱོགས་འདོན་པ་བཅས་བྱེད་དགོས།རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཛེས་ལྗོངས་ཁུལ་ནང་ཁུལ་དང་མཐའ་འཁོར་གྱི་འགྲོ་ལམ་བཟོ་སྐྲུན་དང་ཁོར་ཡུག་མཛེས་བཟོ་སོཊ་ཀྱི་ལས་གྲྭར་སྐུལ་འདེད་མགྱོགས་པོ་བཏང་ནས་བདེ་འཇགས་རང་བཞིན་དང་སྐྱིད་སྣང་དོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཟས་ཕུ་གྲོང་ཚོ་ཨུ་ལྷན་དུ་ཕེབས་རྗེས།ཤའོ་ཡིའུ་ཚའེ་ཡིས་གྲོང་ཚོའི་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་གནང་སྟེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་།སྤྱི་ཚོགས་བཅོས་སྐྱོང་།གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེ་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་གནང་བ་རེད།ཁོང་གིས་བསྟན་དོན།ལོ་རྒྱུས་ཀྱི་སྨྱུ་གུ་ཆེན་པོ་དེས་འགག་རྩའི་དུས་སུ་ཡི་གེ་འབྲི་བ་དང་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་དེ་རྟག་ཏུ་ཁྲིད་སྟོན་ཁྲོད་གསར་འབྱེད་བྱེད་དགོས།ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་།རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱིས་ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་པས།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་རེད།ཁོང་གིས་ནན་གསུངས་གནང་དོན།གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་མཐའ་མའི་འགག་གནད་ཡིན།

གཞི་རིམ་ཏང་རྩ་འཛུགས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་།རྒྱ་ཆེའི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་། ཡིག་འབྲུ་རེ་རེ་བཞིན་དང་ཚིག་འབྲུ་རེ་རེ་བཞིན་སློབ་སྦྱོང་།ཡང་ནས་བསྐྱར་དུ་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱེད་པ།སྲོག་ཤིང་གི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ།ཕུན་སུམ་ཚོགས་པའི་ནང་དོན།ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས།ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་དང་གསོན་ཉམས་དོད་པའི་དཔེ་མཚོན་གྱི་ཐོག་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཞིབ་ཚགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་འཇགས་རྒྱུར་སྐུལ་འདེད་གཏོང་དགོས།རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེ་གོ་སྐབས་སུ་བྱས་ཏེ་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་བ་དང་།ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་སྟོབས་ཆེར་གཏོང་བ།སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-01 6 6 拉萨日报藏文 c211021.html 1 ཤའོ་ཡིའུ་ཚའེ་ཡིས་ཆུ་ཤུར་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་ཀྱང་གནང་བ། /enpproperty-->