分享按钮

(པར་ངོས་དང་པོར་མཐུད)ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཀྲའོ་ཞན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། གུས་དམག་གིས་ས་གདན་དམར་པོའི་གཞོཊ་གཉིས་སུ་གུས་འདུད་ཞུས་པ་དང་། དམག་མིའི་རོལ་ཆའི་རུ་ཁག་གིས་རོལ་མོ་དཀྲོལ་བ་དང་གནམ་ཐང་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད།

ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོཊ་ཕེབས་རོཊ་མི་སྣ་མཉམ་དུ་ཕེབས་འབྱོར་ཟིན་པ་རེད།

སྔོན་ལ་འབྱོར་བའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ལྷོ་ཁོ་རེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཏའེ་པིང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད། ཀྲུང་གོའི་ཕྱི་སྦྱོང་སློབ་མ་དང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་30ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ། པེ་ཅིང་ནས་ཞལ་གྱེས་ཏེ་ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་གི་གདན་ཞུས་ལྟར་ལྷོ་ཁོ་རེ་ཡའི་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཕེབས་པ་དང་འབྲེལ་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།

ཞི་ཅིན་ཕིང་དང་ལྷན་དུ་འཚམས་འདྲིར་ཕེབས་མཁན་གྲས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཧོ་ལི་ཧྥུང་སོགས་ཡོད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-01 6 6 拉萨日报藏文 c211020.html 1 /enpproperty-->