ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་29ཉིན། གྲོང་ཁྱེར་དམངས་སྲིད་ཅུས་དང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཉེར་འགན་འཁུར་བའི་རྒན་རྒོན་དུས་ཆེན་ལ་འཛད་སྤྱོད་ཀྱི་བྲིན་སྐུལ་བྱེད་སྒོ་དེ་པའེ་དབྱི་སྒོ་རྩིས་ཚོང་ཁང་དུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེས་ཅ་དངོས་ཉོས་ཚེ་འཕྲལ་མར་དངུལ་གཅོག་པ་གཙོ་བོར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བྱེད་སྒོར་ཞུགས་པའི་ཚོང་དུད་ཁྲོད་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད།
གསར་འགོད་པར་སྒོ་རྩིས་ཚོང་ཁང་ནས་རྒན་རྒོན་ཚོས་ཅ་དངོས་ཉོས་ཚེ་འཕྲལ་མར་དངུལ་གཅོག་པའི་སྒྲིག་སྲོལ་ནན་ཏན་ངང་ཀློག་པ་དང་། ཕན་ཚུན་ཉོ་སྒྲུབ་ཀྱི་འཆར་གཞིར་སྤེལ་རེས་བྱེད་པ། སྐབས་སྐབས་སུ་ལག་ཐོགས་ཁ་པར་བཏོན་ནས་ལས་དོན་པར་གཟིགས་སྐྱོང་གི་གནས་ཚུལ་ཞིབ་ཕྲ་གཏན་འཁེལ་བྱེད་པ་བཅས་མཐོང་བྱུང་། ཟོག་སྒྲོམ་གྱི་འགྲམ་དུ་རྒན་རྒོན་ཚོས་ཚོང་ཟོག་དང་། དྲོད་སྲུང་གྱོན་ཆས། སྤྱོད་གོ་ཆོད་པའི་ཁྱིམ་ཆས། དེ་བཞིན་ཚགས་ཤ་དང་། ལུག་ཤ སྔོ་ཚལ། ཤིང་འབྲས་སོས་པ་སོགས་འདེམས་ཉོ་བྱས་ཡོད།རྒན་རྒོན་ལན་ཀྲུང་གིས།དེ་རིང་གྲོང་ཁྱེར་དམངས་སྲིད་ཅུས་དང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྒོ་རྩིས་ཚོང་ཁང་ཁག་དང་མཉམ་དུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བས། ང་ཚོ་རྒན་རྒོན་ལ་གཟིགས་སྐྱོང་མང་པོ་ལོངས་སུ་སྤྱོད་རྒྱུ་བྱུང་།ཅ་དངོས་ཉོས་ཚེ་འཕྲལ་མར་དངུལ་གཅོག་གི་འདུག་པས།ཧ་ཅང་སྟབས་བདེ་པོ་འདུག ཁྱིམ་སྤྱོད་ཀྱི་ཅ་དངོས་མང་པོ་ཉོས་པ་ཡིན།རིམ་ཁག་སྲིད་གཞུང་གིས་ང་ཚོ་རྒན་རྒོན་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
རྨོ་བོ་བསོད་ནམས་སྒྲོལ་མས་བྱེད་སྒོ་འདི་འདྲ་གཉེར་ན་ཡག་པོ་འདུག ཅ་དངོས་ཉོས་ཚེ་གཟིགས་སྐྱོང་ཡང་ཡོད།དེའི་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་གིས་ང་ཚོ་རྒན་རྒོན་ཚོར་ཐུགས་ཁུར་གནང་བ་མངོན་པས།ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
བྱེད་སྒོའི་ཁྲོད།རྒན་རྒོན་གྱི་ཚོགས་སྤྱི་ཧུར་ཐག་ཞུགས་ཡོད་པས་རྒན་རྒོན་དུས་ཆེན་དང་འཛད་སྤྱོད་དམངས་ཕན་གཉིས་ཟུང་འབྲེལ་ཡག་པོ་ཐུབ་ཡོད། འཛུམ་དམུལ་དམུལ་གྱི་ངོ་གདོང་རེ་རེ་དང་བྲེལ་འཚུབ་ངང་འདེམས་ཉོ་བྱེད་པའི་གཟུགས་བརྙན་རེ་རེ་ལས་ལྷ་སའི་སྟོན་དུས་ཀྱི་ཆེས་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་གྲུབ་ཡོད།བྱེད་སྒོ་འདི་ལས་རྒན་རྒོན་ཚོས་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་ཡོད་ལ།ཏང་གི་དྲོ་སྐྱིད་ཀྱང་ཚོར་ཐུབ་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社