分享按钮

གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཁྱབ་ཁོངས(དམངས་སྤྱོད་འབར་གས་མིན་པའི་ཁེ་ལས)ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆེད་དོན་གསོ་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་།གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་2025ལོའི་ལྷ་ས་གྲོང་ཁྱེར་བཟོ་ལས་ཁྱབ་ཁོངས(དམངས་སྤྱོད་འབར་གས་མིན་པའི་ཁེ་ལས)ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ཤེས་བྱ་གཅིག་སྡུད་ཐོག་སློབ་ཁྲིད་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་བཟོ་ལས་ཁེ་ལས་30ལྷག་ཙམ་གྱི་འགན་འཁུར་བ་དང་འབྲེལ་ཡོད་ཚན་པ་གསོ་སྦྱོང་ནང་ཞུགས་ཡོད།

གསོ་སྦྱོང་དེ་ཡུལ་དངོས་ཀྱི་མཛུབ་ཁྲིད་ཁྲོད་ཀྱི་གནད་དོན་དང་བསམ་གཞིགས་དང་། ལས་འཛོལ་འབྱུང་རྐྱེན་དབྱེ་ཞིབ། ཐོལ་བྱུང་དོན་རྐྱེན་དང་འཕྲལ་སྡོམ་དོ་དམ་སོགས་ལ་དམིགས་ནས་སྤེལ་ཡོད་ཅིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་སྐྱེད་བདེ་འཇགས་བཅའ་ཁྲིམས》དང《བཟོ་ཚོང་ཁེ་ལས་ཀྱི་ཚད་ཡོད་བར་མཐོངས་ལས་སྒྲུབ་ཀྱི་བདེ་འཇགས་གཏན་འབེབས》སོགས་ལྟེ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་། ཉེ་བའི་ལོ་ཤས་རིང་ལྗོངས་ཕྱི་ནང་གི་དཔེ་མཚོན་ལས་འཛོལ་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་། ཉེན་ཁའི་དོ་དམ། མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་འགག་རྩའི་ལྷུ་ཚིགས་ཀྱི་བཅའ་ཁྲིམས་བླང་བྱར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། གསོ་སྦྱོང་ནང་ཞུགས་མཁན་ཁེ་ལས་ཀྱི་འཐུས་མིས།གསོ་སྦྱོང་གི་ནང་དོན་དོན་དངོས་དང་འབྲེལ་བ་ཟབ་པས་ཁེ་ལས་ལ་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གང་ལེགས་མཁོ་འདོན་བྱས་པ་དང་།བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་པ་དང་ཆབས་ཅིག་ཏུ་བདེ་འཇགས་ཀྱི་གཏོང་ཆ་ནི་ཕན་འབྲས་ཀྱི་གཏོང་ཆ་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་བྱུང་ཞེས་བཤད།

བོད་ལྗོངས་ལྷ་སའི་སྦི་རག་ཚད་ཡོད་ཀུང་སིའི་བདེ་འཇགས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁུར་བ་ཟླ་བ་ལྷ་མོས། ད་ཐེངས་ཀྱི་སློབ་ཁྲིད་ལ་བཅའ་ཁྲིམས་དོན་ཚན་གྱི་དབང་གྲགས་ལྡན་པའི་འགྲེལ་བཤད་ཡོད་ལ་བཀོལ་སྤྱོད་རིམ་པའི་མཛུབ་ཁྲིད་ཀྱང་ལྡན་ཡོད་པས། ང་ཚོར་བདེ་འཇཊ་དོ་དམ་ཁྲོད་འཕྲད་པའི་གནད་དོན་སེལ་རོཊ་བྱས་བྱུང་། ལས་གནས་ཐོག་ཕྱིར་ལོག་རྗེས། ང་ཚོས་འཕྲལ་མར་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་ཁེ་ལས་ཀྱི་འབྲེལ་ཡོད་ལམ་ལུགས་ལ་སྔར་བས་སློབ་སྦྱོང་དང་འཐུས་སྒོ་ཚང་དུ་བཏང་ནས་ཐོན་སྐྱེད་བདེ་འཇཊ་ཐད་ཀྱི་ཤེས་བྱ་གོང་མཐོར་གཏོང་རྒྱུ་ཡིན་ཞེས་བཤད།

ཤེས་རྟོཊ་བྱུང་བར་གཞིཊ་ན། གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཐོན་སྐྱེད་བདེ་འཇཊ་ཀྱི་གསོ་སྦྱོང་དེ་ལོ་འཁོར་གྱི་གཙོ་གནད་ལས་དོན་ནང་བཅུག་པ་དང་། དེའི་དམིཊ་ཡུལ་ནི་ཡུལ་དངོས་སུ་དངོས་སྤྱོད་མཛུབ་ཁྲིད་དང་། ཁྲིམས་སྲོལ་གསལ་འགྲེལ། གྱོད་དཔེའི་ཉེན་བརྡ། མཉམ་འགུལ་གྱིས་དྲི་བར་ལན་འདེབས་པ་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་མི་སྣའི་ནུས་པ་ཆེ་རུ་དང་། ཁེ་ལས་དོ་དམ་ལེགས་གཏོང་། ཁྲིམས་སྲོལ་ལག་བསྟར་བྱེད་ཤུགས་ཆེར་གཏོང་། མངོན་མེད་རྐྱེན་ངན་བཅོས་སྒྲིག་ནུས་ལྡན། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་རེད། ཕྱིས་འབྱུང་།གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལྟ་སྐུལ་དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་དུ་འཛིན་པའི་འདུ་ཤེས་མུ་མཐུད་དེ་མཐའ་འཁྱོངས་བྱས་ནས།ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་མུ་མཐུད་ནས་ནན་དུ་བཏང་སྟེ་ལྷ་སའི་བཟོ་ལས་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་གཏོད་རྒྱུ་རེད།

གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་མ་བཅོས་རྒྱུ་ཆ་ཁོའོ་ཡི་ཁོའོ་ཀྲང་མོང་ཧྥན་ཐའོ་ཡིས། ད་ཐེངས་ཀྱི་གསོ་སྦྱོང་གཉེར་བའི་དམིགས་ཡུལ་གཙོ་བོ་ནི་ཡུལ་དངོས་ཀྱི་དངོས་སྤྱོད་མཛུབ་ཁྲིད་དང་གཅིག་སྡུད་སློབ་ཁྲིད་བརྒྱུད། ལྷ་ས་གྲོང་ཁྱེར་བཟོ་ལས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་མི་སྣའི་ཐོན་སྐྱེད་བདེ་འཇགས་ཀྱི་དངོས་སྤྱོད་ནུས་པ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་འདུ་ཤེས་དང་ནུས་པ་སྔར་བས་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྤུས་མཐོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་བདེ་འཇཊ་ཀྱི་འགན་ལེན་བརྟན་པོ་བྱ་རྒྱུ་དེ་རེད་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-01 6 6 拉萨日报藏文 c211019.html 1 གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཁྱབ་ཁོངས(དམངས་སྤྱོད་འབར་གས་མིན་པའི་ཁེ་ལས)ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆེད་དོན་གསོ་སྦྱོང་བྱས་པ། /enpproperty-->