ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒན་བཀུར་རྒན་གཅེས་དང་རྒན་སྐྱོར་རྒན་རོགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས། ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་ཆེད། ཉིན་ཤས་གོང་། བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་རྒན་རྒོན་དུས་ཆེན་གྱི་གཙོ་དོན་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཁྲོད། སྡེ་ཁུལ་གྱི་ཏང་ཡོན་ཚོས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་དེ་རྒན་རྒོན་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཏེ།ཁོང་ཚོའི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་སྦྲགས་གྲ་སྒྲིག་ཞིབ་ཚགས་བྱས་པའི་དུས་ཆེན་གྱི་ལག་རྟགས་ཀྱང་སྤྲད་པ་རེད།
འཚམས་འདྲིའི་ནང་།ཏང་ཡོན་ཚོས་ད་དུང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྒྱུན་གཏན་གྱི་སྐད་ཆའི་ཐོག་ནས་རྒན་རྒོན་ཚོར་དྲིལ་བསྒྲགས་བྱས་ཏེ།རྒན་རྒོན་ཚོར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཚོར་ཐུབ་པར་བྱས་ཡོད།
ཐེངས་འདིའི་རྒན་རྒོན་དུས་ཆེན་ལ་འཚམས་འདྲི་བྱེད་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་བརྒྱུད། དཀའ་ངལ་ཡོད་པའི་རྒན་རྒོན་ཚོར་དུས་ཆེན་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བར་མ་ཟད། ཏང་གི་མཛད་ཕྱོགས་སྲིད་ཇུས་གསར་ཤོས་གཞི་རིམ་མང་ཚོགས་ཁྲོད་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་ཐུབ་ནས། སྡེ་ཁུལ་གྱིས་ལྟེ་བར་ཕྱོགས་ཤུགས་དང་གོང་བུར་འགྲིལ་ཤུགས་སྔར་བས་ཟབ་ཏུ་ཕྱིན་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社