ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཤང་ཡུས་ཀྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་གནང་བའི《ལྷ་ས་གྲོང་ཁྱེར་གྱི་2025ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཐེངས་གཉིས་པའི་ཇུས་གཞིའི་སྐོར་གྱི་སྙན་ཞུར》གསན་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བཏོན་པའི་ལྷ་ས་གྲོང་ཁྱེར་གྱི་2025ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཐེངས་གཉིས་པའི་ཇུས་གཞིར་ཞིབ་བཤེར་བྱས་ཡོད། ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་2025ལོའི་ནོར་སྲིད་སྔོན་རྩིས་ཐེངས་གཉིས་པའི་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུ་དང་།ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་ཞུར་མོས་མཐུན་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་རིམ་པ་འདི་གའི་2025ལོའི་ནོར་སྲིད་སྔོན་རྩིས་ཐེངས་གཉིས་པའི་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社